39659
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། སྔགས། སྤྱོད་རྒྱུད། ཕྱག་རྒྱ་ཞིག་གི་མིང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཆོ་གའི་གཞི་བྱིན་གྱིས་བརླབ་པ་ལ་ཕྱག་རྒྱ་དང་། སྙིང་པོ། རྫས། ཚིག་བཤད། ཏིང་འཛིན་དང་ལྔའི་སྒོ་ནས་བསྟན་ལ། ཕྱག་རྒྱ་བཅའ་ལུགས་ནི། མདོ་གཟེར་མིག་ལས། གཡོན་པའི་ཁྱོར་བ་གྱེན་ལ་བཟེད། གཡས་པའི་སྤར་མོ་སྟེང་དུ་སྦུབས་པའོ། ཞེས་སོ། །དེའི་རྒྱུ་མཚན་ནམ་མཚོན་དོན་ནི། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། གཡོན་པ་གྱེན་ལ་བཟེད་པ་བྱིན་རླབས་ཞུ་བའི་དོན་ཡིན། གཡས་པས་ཡས་ཕུབ་པ་ནི་ཡར་མར་བྱིན་གྱིས་བརླབ་པ་ཡིན། ཞེས་དང་། གཡོན་པས་བརླབ་བྱ། གཡས་པས་རློབ་བྱེད་ཀྱི་བརྡ་བྱེད་པའོ། །ཞེས་སོ། ། |
| Domain | ཆོས་ལུགས། |