39662
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གདན་གསུམ་ཚང་བའི་ལྷ་རྣམས་ཀྱི་བྱ་བ་སྟེ། གཤེགས་པ་དང་གཤེགས་མ་རྣམས་ཀྱིས་བཀྲ་ཤིས་པའི་དགོངས་པ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་ཤིང་རྡོ་རྗེའི་གླུ་ལེན། ཁྲོ་བོ་ཁྲོ་མོ་སྒོ་སྲུང་རྣམས་ཀྱིས་བར་ཆད་ཀྱི་བགེགས་བསྐྲད་ཅིང་སླར་སྲུང་བའི་འཕྲིན་ལས་མཛད་པས་རབ་ཏུ་ཤེས་པར་མོས་པའོ། །དཔལ་འཇིགས་མེད་ཆོས་ཀྱི་སེངྒེའི་ཐུགས་སྒྲུབ་རྣམ་བཞི་ལྡེབ་གྲངས་ ༡༡༤ ལས། |