39671

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲ་ཤིས་ཞབས་དྲུང་ཡེ་ཤེས་མཁས་གྲུབ་ཉི་མ་ (1)
Part of speech མིང་ཚིག
Definition སྐུ་འབུམ་མཆོད་གཞིས་ཟི་ན་ཚོ་བར་འཁྲུངས། འཁྲུངས་ལོ་མི་གསལ། སྒོ་མེ་རབ་འབྱམས་པ་ངག་དབང་བསམ་གཏན་བསྟེན། སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་དུ་ཞུགས། གཞུང་ཆེན་བཀའ་པོད་ལྔར་ཐུགས་གཉེར་མཛད། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལོ་ལྔའི་རིང་གཟིགས་སྐྱོང་གནང་། རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ཕྱི་ལོ ༡༨༥༥ ལོར་སྐུ་འབུམ་རྒྱུད་པའི་མཁན་ཁྲིར་བཞུགས། འཆད་ཉན་ལོ་བཞིའི་རིང་བསྐྱངས། རབ་བྱུང་བཅུ་བཞི་པའི་མེ་སྟག་ཕྱི་ལོ ༡༨༦༦ ལོར་སྐུ་འབུམ་དགོན་ཁྲིར་བཞུགས། བཙན་ཁང་ཆེན་མོའི་ཕོ་བྲང་གི་རྒྱ་མཐོངས་གདོང་སྐྱོར་ཕུབ། དེའི་སྟེང་གྱོ་མོ་གཡུའི་མདངས་ཅན་ལེགས་པར་བརྟད། ཁྲི་ཟུར་རྗེས་སོག་ཡུལ་དུ་ཕེབས། ཆོས་འཁོར་རྒྱ་ཆེར་བསྐོར། རབ་བྱུང་བཅོ་ལྔ་པའི་ཤིང་ཁྱི་ཕྱི་ལོ་ ༡༨༧༤ ལོར་སོག་ཡུལ་དུ་སྐུ་གཤེགས། སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་སོ་དྲུག་པ་དང་། རྒྱུད་པ་མཁན་པོའི་ཁྲི་རབས་ང་གསུམ་པ། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་རེ་གཅིག་པ་བཅས་ཡིན།