39676
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུངས་ལོ་མི་གསལ། སྐྱེས་བུ་དམ་པ་མང་པོ་བསྟེན། ཤེས་རབ་བརྒྱ་པ་དང་། སྤྱོད་འཇུག འདུལ་བའི་ཆོས་སྐོར། དུས་འཁོར། གསང་འདུས་སྒྲོན་གསལ། ཕག་མོ་བརྡ་བཞི། དཔྱལ་གྱི་ཆོས་དྲུག བདེ་མཆོག་སྙན་བརྒྱུད། སེམས་བསྐྱེད་སུམ་སྦྲེལ། རིན་ཆེན་ཐེམ་སྐས། ལམ་ལྔའི་བཤད་པ་དང་མན་ངག་བཅས་ལེགས་པར་གསན། དགེ་བསྙེན་དང་། དགེ་ཚུལ་སློང་གི་སྡོམ་པ་བཞེས། ཆོས་རྗེ་ཟྭ་ར་བ་བདེ་ལེགས་འོད་ལས་བཀའ་གདམས་པའི་ལམ་རིམ་དང་། དབང་གི་ལག་ལེན། ནཱ་རོ་པའི་བཞི་ཆོས་རྩ་འགྲེལ། ནཱ་རོ་ཆོས་དྲུག ཟབ་མོ་བླ་མའི་རྗེས་གནང་། བཀའ་བརྒྱུད་གོང་མ་རྣམས་ཀྱི་རྣམ་ཐར། བཀའ་བརྒྱུད་སྙན་བརྒྱུད། གསང་འདུས་ཀྱི་སྦྱོར་དྲུག ཕྱག་རྒྱ་ཆེན་པོ་བཅས་ལ་གསན་སྦྱོང་མཛད། སྒྲུབ་པ་ཉམས་ལེན་ལྷག་པར་མཛད། རབ་བྱུང་ལྔ་པའི་ཆུ་ཕག་ཕྱི་ལོ་ ༡༣༢༣ ལོར་གཡའ་བཟང་དགོན་པའི་གདན་སར་ཕེབས། དགེ་འདུན་མང་པོའི་ཚོགས་པ། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་དར་བར་མཛད། གདན་ས་ལོ་ཉེར་བརྒྱད་རིང་བཞུགས། རབ་བྱུང་དྲུག་པའི་ལྕགས་སྟག་ཕྱི་ལོ་ ༡༣༥༠ ལོར་གདན་ས་ལྷ་གྲགས་འོད་པར་གཏད། འདས་ལོ་མི་གསལ། གཡའ་བཟང་དགོན་པའི་གདན་རབས་དྲུག་པ་ཡིན། |