39677

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲ་ཤིས་འོད་ཟེར་ (1)
Part of speech མིང་ཚིག
Definition ཁོང་ནི་རིག་འཛིན་ཀློང་གསལ་སྙིང་པོའི་གཅུང་ཡིན་ལ། ཀཿཐོག་པ་དྲུང་རིན་ཆེན་འབུམ་མེའི་དྲུང་དུ་བསྙེན་པར་རྫོགས། རིག་འཛིན་བདུད་འདུལ་རྡོ་རྗེའི་ཞབས་ལ་གཏུགས་ནས་གསང་སྔགས་ཀྱི་ལས་རབ་འབྱམས་ལ་མངའ་བརྙེས། གདན་སའི་ཁུར་ལོ་མང་དུ་བཞེས་ནས་གཏེར་ཆེན་བདུད་འདུལ་རྡོ་རྗེ་དང༌། རིག་འཛིན་ཀློང་གསལ་སྙིང་པོ་ཟུང་གི་ཟབ་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་ཕྱག་ལེན་དང་བཅས་པའི་རྒྱུན་ཤིན་ཏུ་སྤེལ་ནས་དགུང་ལོ་རེ་གསུམ་པར་ཞི་བར་གཤེགས།