39679

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲ་ཤིས་ཡོན་ཏན་གྱི་མཆོད་པ་བཅུ་ (1)
Part of speech མིང་ཚིག
Definition བོན། རྣམ་རྒྱལ་མཆོད་གཞུང་ལས་མཆོད་པའི་རྫས་གཙོ་བོ་ཞིག་སྟེ། བཅུ་ནི། རྣམ་པ་ལྔ་དང། ལྡན་པ་ལྔ་སྟེ་བཅུའོ། །རྣམ་པ་ལྔ་ནི། མར་མེ་དང། ཚན་ཆབ། སྤོས། ལྷ་སངས། མེ་ཏོག་དང་ལྔ་སྟེ། རྣམ་རྒྱལ་སྟོང་མཆོད་སོགས་ཀྱི་ལག་ལེན་དྭངས་ཤེལ་མེ་ལོང་ལས། སྤྱི་ལྟར་མར་མེ། ཚན་ཆབ། སྤོས། ལྷ་སངས། མེ་ཏོག་དང་ལྔའོ། །ཞེས་སོ། །ལྡན་པ་ལྔ་ནི། དང་བའི་སེམས་ལྡན་དང། གུས་པའི་ལུས་ལྡན། སྙན་པའི་སྒྲ་ལྡན། མཛེས་པའི་རྒྱན་ལྡན། གཙང་མའི་ཟས་ལྡན་དང་ལྔ་སྟེ། མདོ་གཟེར་མིག་ལས། དང་བའི་སེམས་དང་ལྡན་པ། དེ་ནས་གུས་པའི་ལུས་དང་ལྡན་པ། དེ་ནས་སྙན་པའི་སྒྲ་དང་ལྡན་པ། དེ་ནས་གཙང་མའི་ཟས་དང་ལྡན་པ། དེ་ནས་མཛེས་པའི་རྒྱན་དང་ལྡན་པ། དེ་ལྟར་ལྡན་པ་རྣམ་པ་ལྔས། ཞེས་སོ། །ལྡན་པ་ལྔའི་རང་བཞིན་ནི་མཆོད་པའི་ཡ་སྟགས་ལ་གཟིགས་ཤིག
Domain ཆོས་ལུགས།