39680

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲ་ཤིས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དྲུང་རྡོ་རྗེ་འོད་ཟེར་དུས་འཆད་ཉན་མཁན་པོར་མཛད། སློབ་མ་རྣམས་ལ་ཧོར་པོ་ཤཱཀྱ་རྒྱལ་མཚན་གྱི་ཁྲིད་ཡིག་ལ་གཞི་བྱས་ཏེ་ཟངས་ཐལ་གྱི་ཁྲིད་རྒྱུན་དར་སྤེལ་གནང༌། ཁོང་གིས་ཀྱང་ཟངས་ཐལ་གྱི་ཁྲིད་ཡིག་གསར་དུ་མཛད་པ་ད་ལྟ་རིན་གཏེར་དུ་བཞུགས་པ་དེའོ། །མཚུངས་མེད་བྱང་ཆུབ་སེངྒེའི་མདུན་རྫོགས་པ་ཆེན་པོ་དགོངས་པ་ཟངས་ཐལ་གྱི་དབང་ཁྲིད་རྫོགས་པར་གསན། འདི་སྐབས་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་ཀཿཐོག་ཏུ་བྱོན་ནས་ཚན་རག་སྒང་དུ་སྒར་བཏབ། བཀྲ་ཤིས་རྒྱ་མཚོའི་མདུན་ཟངས་ཐལ་གྱི་ཁྲིད་གསན་པ་ལས་དགུང་ལོ་སྨིན་སྟབས་དབང་མཛད་མ་ཐུབ། བྱང་བདག་རང་རྣམ་ལས། ཁམས་ཀཿཐོག་ཞབས་དྲུང་སོགས་གཙོ་གྱུར་གྱི་བླ་མ་འགངས་ཆེ་བ་བརྒྱད་ཅུ་རྩ་གྲངས། བླ་ཕྲན་མང་པོ་བཅས་པའི་དགེ་འདུན་བརྒྱ་ཚོ་བཅོ་ལྔ་སྐོར་ལ་ཆོས་འགྲོ་གང་ཆེ་མཛད་ཅེས་གསུངས་པའི་ཞབས་དྲུང་ནི་བཀྲ་ཤིས་རྒྱ་མཚོ་དང༌། ཆོས་བཀའ་བྱང་གཏེར་སྒྲུབ་སྐོར་རྣམས་རྣམ་གསུམ། ཕུར་པ་སྤུ་གྲི། བཀའ་བརྒྱད་རང་ཤར་སོགས་ཀྱི་དབང་ཁྲིད་རྒྱ་ཆེར་སྤེལ། བཀྲ་ཤིས་དབང་ཕྱུག་དང༌། དབོན་བཀྲ་ཤིས་རིན་ཆེན་སོགས་རང་གི་མིང་ལས་དྲངས་ཏེ་མཚན་བཏགས།དེའི་སློབ་མ་ལྷ་བཟོ་བླ་མ་ཧེ་པ་ཆོས་འབྱུང༌། རྒྱལ་ཐང་པ་སྟོན་པ་སེངྒེ། དཔལ་མོ་ཤེས་རབ་བཟང་པོ། མ་ལ་གྲུབ་ཐོབ་རྒྱ་རོང་པ་རིན་ཆེན་རྡོ་རྗེ་རྣམས་བྱོན་པ་ཡིན་ནོ། །

{{#arraymap:བཀྲ་ཤིས་རྒྱ་མཚོ་

|; |@@@ | | }}