39687
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་པའི་སྟོད་དུ་པུ་རངས་སུ་ཡབ་སྐྱིད་ལྡེ་ཉི་མ་མགོན་དང་། ཡུམ་ཅོག་རོ་བཟའ་ཟངས་ཁ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཞང་ཞུང་དང་། ཡ་རྩེ་བཅས་ལ་མངའ་མཛད། ཆབ་སྲིད་བསྐྱངས། ཤིང་གླང་ཕྱི་ལོ ༩༦༥ ལོར་རིགས་སྲས་སྲོང་ངེ་འཁྲུངས། རིགས་སྲས་འཁོར་རེ་ཡང་འཁྲུངས། གནས་ཚུལ་དེའི་རིགས་ནི་རྒྱལ་རབས་གསེར་གྱི་ཕྲེང་བ་དང་། ལ་དྭགས་རྒྱལ་རབས་གཉིས་གཙོ་བོར་བཟུང་ནས་བཀོད། སྟོད་ཀྱི་མགོན་གསུམ་ནང་གི་ཡ་གྱལ་ཞིག་ཡིན། |