39693
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱལ་བ་དགེ་འདུན་གྲུབ་པའི་དུས་སུ་བྱུང་བ་བཅུ་ནི། ༡ ལེགས་གླིང་གི་མི་ཚན། ༢ བདེ་འབྱོར་མི་ཚན། ༣ ལྷུན་རྩེ་མི་ཚན། ༤ ནོར་བུ་དགའ་ལྡན་མི་ཚན། ༥ གཅེན་ལུང་མི་ཚན། ༦ འབྲོང་རྩེ་མི་ཚན། ༧ རྟ་ནག་མི་ཚན། ༨ སྤང་ཡུལ་མི་ཚན། ༩ གནས་ཆོས་མི་ཚན། ༡༠ གནས་པ་མི་ཚན་ནོ། །པཎ་ཆེན་སྐུ་ཕྲེང་བཞི་པའི་དུས་སུ་བྱུང་བ་བཅུ་དྲུག་ནི། ༡ ལེགས་གྲུབ་མི་ཚན། ༢ བཞད་པའི་མི་ཚན། ༣ གསེར་གླིང་མི་ཚན། ༤ རྫོང་ཁ་མི་ཚན། ༥ བ་སོ་མི་ཚན། ༦ ཏྲེ་ཧོར་མི་ཚན། ༧ གཡང་པ་མི་ཚན། ༨ ཧར་གདོང་མི་ཚན། ༩ ཅོ་ནེ་མི་ཚན། ༡༠ གསེར་ཁང་མི་ཚན། ༡༡ རྒྱ་ཁམས་མི་ཚན། ༡༢ ཚུལ་ཁང་མི་ཚན། ༡༣ གྲང་མོ་ཆེ་མི་ཚན། ༡༤ ལྕགས་པ་མི་ཚན། ༡༥ རོང་པ་མི་ཚན། ༡༦ གཏིང་སྐྱེས་མི་ཚན་ནོ། །པཎ་ཆེན་སྐུ་ཕྲེང་ལྔ་པའི་དུས་བྱུང་བའི་མི་ཚན་གཅིག་སྟེ་སྲད་པ་མི་ཚན་བཅས་སོ། ། |
| Domain | ལོ་རྒྱུས། |