397

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀཿཐོག་དགོན་ (1)
Part of speech མིང་ཚིག
Definition སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་ཡ་གྱལ་ཏེ། རབ་བྱུང་གསུམ་པའི་ས་ཡོས་ཕྱི་ལོ་ ༡༡༥༩ ལོར་ཀ་དམ་པ་བདེ་གཤེགས་ཀྱིས་འབྲི་ཆུའི་ཉེ་འགྲམ་སྤོམ་འབོར་དང་ཉེ་ས་ཀཿཐོག་ཅེས་པའི་སར་ཕྱག་བཏབ། དམ་གཙང་སྤྱན་གསུམ། བླ་རབས་བཅུ་གསུམ། དྲུང་རབས་བཅུ་གསུམ། འཆད་ཉན་མཁན་རབས་བཅུ་གསུམ། མན་ངག་འཛིན་པ་བཅུ་གསུམ་སོགས་རིམ་བྱོན་གྱིས་བསྐྱངས་ཤིང་། སྔ་འགྱུར་བཀའ་མའི་བསྟན་པ་འཆད་ཉན་སྒོམ་སྒྲུབ་ཀྱིས་སྒོ་ནས་དར་རྒྱས་མཛད། ཕྱིས་སུ་ཡང་གཏེར་ཆེན་བདུད་ཀློང་རྣམ་གཉིས་དང་། གསེར་ཁྲི་འཛིན་པ་དག་གིས་ཁྲིད་ཆེན་བཅུ་གསུམ་སོགས་རྒྱུད་འཛིན་དར་སྤེལ་གནང་ནས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་། ཁྱད་པར་བོད་ཀྱི་ལོ་རྒྱུས་སྟེང་འཇའ་ལུས་འོད་སྐུར་གྲུབ་པའི་དམ་པ་ཆེས་མང་པོ་བྱོན་པའི་གདན་ས་ཞིག་ཡིན།