39726

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲི་དྲང་བརྒྱུད་པའི་ཐེག་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་སྐུ་བཞིའི་སྟོན་པས་གདུལ་བྱའི་སྣོད་བཞིར་འཚམས་པའི་ཚིག་བཞི་སྟོན་པའི་སྐབས་ཀྱི་ཚིག་བཞིའི་ཡ་གྱལ་ཞིག་སྟེ། སྤྲུལ་སྐུས་བསྟན་པ་ལྟར་ལྡེམ་དགོངས་སམ་བཀྲི་དྲང་བརྒྱུད་པའི་ཚིག་གིས་ཁྲིད་ཅིང་དྲང་བའི་ཐབས་སུ་ཇི་ལྟར་འདུལ་བ་བཞིན་སྟོན་ཕྱིར་བཀྲི་དྲང་བརྒྱུད་པའི་ཚིག་གམ་ཐེག་པ་ཞེས་བྱ། དེ་ནི་སྣོད་བཞི་ལས་ལོག་སྲེད་ཅན་གྱི་གདུལ་བྱའི་གཉེན་པོར་ལོག་སྲེད་ཅན་གྱི་ལྟ་བ་ལ་བརྒྱུད་པའི་ལྟ་བ་ཆ་འདྲར་བསྟན་པའི་སྒོ་ནས་འདུལ་བར་བྱེད་པ་ཡིན། འདི་ལ་བཀྲི་དྲང་བརྒྱུད་པའི་ཚིག་ཅེས་ཀྱང་བྱ།
Domain ཆོས་ལུགས།