3973
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་ཡི་གནམ་ཁྱི་དང་། ཟླ་བའི་གནམ་ཁྱི་དང་། ཞག་གི་གནམ་ཁྱི་དང་། དུས་ཚོད་ཀྱི་གནམ་ཁྱི་དང་། སྤར་ཁའི་གནམ་ཁྱི་དང་། གཟའི་གནམ་ཁྱི་དང་། ས་བདག་གནམ་ཁྱི་བཅས་བདུན་ཏེ། བག་མའི་གལ་ཆེ་ཁྱི་བདུན་ནི། །ལོ་ཡི་གནམ་ཁྱི་བཅོ་བརྒྱད་དང་། །སྟག་རྟ་ཁྱི་གསུམ་ལོ་ཡིན་ཏེ། །ཟླ་བའི་གནམ་ཁྱི་སྟོན་ཐ་ཆུང་། །ཞག་གི་གནམ་ཁྱི་སྟག་རྟ་ཁྱི། །ཉི་མ་ནག་པོ་གནམ་ཁྱི་ཡིན། །དུས་ཚོད་གནམ་ཁྱི་སྲོད་ཀྱི་དུས། །དེ་ཡང་ངོ་བོ་སྨེ་བདུན་ཡིན། །སྨེ་བདུན་དང་པོ་ཤར་བ་དང་། །བག་མ་སྒོར་ཐོན་ཁ་བྱང་བལྟས། །མྱུར་དུ་འཆི་བར་ཐེ་ཚོམ་མེད། །གཞན་ཡང་སྟག་རྟ་ཁྱི་གསུམ་གྱི། །ལོ་ཟླ་ཞག་དང་དུས་ཚོད་ལ། །ཟས་ཚོལ་ངན་པར་སྔ་འགྱུར་བཤད། །སྤར་ཁའི་གནམ་ཁྱི་ཁེན་ཟོན་ལི། །གཟའ་ཡི་གནམ་ཁྱི་ལྷག་རཱ་ཧུ། །ས་བདག་གནམ་ཁྱི་ཧལ་ཁྱི་ཡིན། །ཁྱི་བདུན་ཟུག་པའི་ཁ་ལ་བྱོལ། །སྦྱོར་དང་ཟན་ཚོལ་སྤང་བར་བྱ། ། |
| Domain | རྩིས་རིག |