From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བག་ (1)
| Part of speech
|
མིང་ཚིག
|
| Definition
|
ཤོ་མིག་གི་གྲངས་བསྒྲིགས་ནས་བཟོས་པའི་གནའ་བོའི་རྩེད་ཆས་ཤིག དབྱིབས་གྲུ་བཞི་ཡིན་པའི་ཆ་ནས་བཏགས་པའི་མིང་ཡིན། སྤྱིར་བག་ལ་རིགས་ཀྱི་སྡེ་ཚན་གཉིས་ཏེ་གནམ་སྡེ་དང་། ས་སྡེ་གཉིས་སུ་ཕྱེས་ཡོད་ཅིང༌། བསྡོམས་པས་རེ་དྲུག་ཡོད། བྱེ་བྲག་སྡེ་ཚན་སོ་སོ་ལའང་རིགས་དང་རིམ་པའི་དབྱེ་བ་ཡོད་པ་རེད། དང་པོ། གནམ་གྱི་སྡེ་ཚན། གནམ་གྱི་སྡེ་ཚན་ལ་རིམ་པ་དྲུག་དང་རིགས་བཅུ་གཅིག བག་ཞེ་བཞི་བཅས་ཡོད། རིམ་པ་དང་པོ། ཁྲ། མིང་གཞན། ཐན། མི་སུ་ཞིག་ལ་འདི་བཞི་ཆ་ཐོ་ཚེ་གཞན་གསུམ་པོ་ལ་ཐན་སྟོན་ཞིང་ཡོད་པས་སོ། །རིམ་པ་གཉིས་པ། ཏིག བརྡ་རྙིང་དུ་མེ་ཏོག་གི་དོན་ཡིན། རིམ་པ་གསུམ་པ། དམར། རིམ་པ་བཞི་པ། བྱ། རིམ་པ་ལྔ་པ། བཅུ་དཀར། ཅོག་ཙེ། མཁྲང་རུ། བརྡ་རྙིང་དུ་དབྱུག་པའི་དོན། རིམ་པ་དྲུག་པ། ཀོབ་དྲུག ཕག་བདུན། ཟིལ་ཆུ། ཧུ་ཐུ། གཉིས་པ། སའི་སྡེ་ཚན། སའི་སྡེ་ཚན་ལ་རིགས་དྲུག་དང་རིམ་པ་དྲུག་བག་ཉི་ཤུ་ཡོད། དམིགས་བསལ་གྱི་སྦྱོར་སྡེ་གསུམ་ཡོད་པར། རིམ་པ་དང་པོ། དགུ། རིམ་པ་གཉིས་པ། པགས། རིམ་པ་གསུམ་པ། ཚིལ། རིམ་པ་བཞི་པ། སྦྱང་མ། རིམ་པ་ལྔ་པ། འུག་པ། རིམ་པ་དྲུག་པ། སྤྱང་བུ། མིང་གཞན་རྐང་གླིང༌ཟེར། དམིགས་བསལ་གྱི་སྦྱོར་སྡེ། མ་བུ་བསྡེབས་པར། ཇིང༌། མ་དང་ཚིལ་འཁྱོག་བསྡེབས་པར། མ་བདུན། འདི་ལ་རྟ་ཆེན་ཡང་ཟེར། བུ་དང་འུག་བཤན་བསྡེབས་པར། བུ་ལྔ། ཞོ་རྟིས་ཡང་ཟེར། མ་བདུན་དང་བུ་ལྔ་བཞི་བསྒྲིགས་ལ་རྟ་བཤའ་ཟེར།
|
བག་ (2)
| Part of speech
|
མིང་ཚིག
|
| Definition
|
ངོ་ཚའམ་འཛེམ་ཆའི་དོན་ཏེ།
|
| Example
|
བག་མེད་ཀྱི་བྱ་སྤྱོད། བག་ཡོད་ཚུལ་མཐུན་ལྟ་བུ།
|
བག་ (3)
| Part of speech
|
མིང་ཚིག
|
| Definition
|
འབྲུ་རིགས་བཏགས་པའི་ཕྱེའི་མིང་།
|
| Example
|
བག་ལེབ། བག་ཐུག་ལྟ་བུ།
|
བག་ (4)
| Part of speech
|
མིང་ཚིག
|
| Definition
|
སེམས་སམ་བློ་ཉམས་ཏེ།
|
| Example
|
མི་བློ་བུག་དོག་པོ་ཅན། མི་བག་ཡངས་ལྟ་བུ།
|
བག་ (5)
| Part of speech
|
མིང་ཚིག
|
| Definition
|
ནག་ནོག་གི་དྲི་མའམ་གཡའ་སྟེ།
|
| Example
|
བག་དང་འདྲེས་པ། ནད་བག་ལྟ་བུ།
|
བག་ (6)
| Part of speech
|
མིང་ཚིག
|
| Definition
|
མངོན་གསལ་མིན་པའམ། མི་མངོན་པའི་ས་སྟེ།
|
| Example
|
དབང་པོའི་ནུས་པ་བག་ལ་ཞ། བག་འཁུམས་ལྟ་བུ།
|
བག་ (7)
| Part of speech
|
མིང་ཚིག
|
| Definition
|
བོད་ཀྱི་རུས་རྒྱུད་ཅིག་གི་མིང་ལའང་འཇུག་སྟེ།
|
| Example
|
དེབ་ཐེར་སྔོན་པོ་ལས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཞེས་འབྱུང་བ་ལྟ་བུ།
|
བག་ (1)
| Part of speech
|
བསྣན་ཚིག
|
| Definition
|
ཕྲན་བུའམ་ཅུང་ཟད་ཀྱི་དོན་ཏེ།
|
| Example
|
ངལ་གསོ་བག་ཙམ་བྱས། ཟས་བག་ཙམ་བཟས་ཞེས་པ་ལྟ་བུ།
|