From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བག་ཆགས་ (1)
| Part of speech
|
མིང་ཚིག
|
| Definition
|
གོམས་པའི་དོན་ཏེ། འདུལ་བ་གཞིི་རྒྱ་ཆེར་འགྲེལ་ལས། བག་ཆགས་ཞེས་བྱ་བ་ནི་གོམས་པའོ། །ཞེས་གསུངས་པ་ལྟར་རོ། །
|
| Example
|
སྔོན་གྱི་བག་ཆགས་བཟང་པོ་ལྟ་བུ།
|
| Domain
|
ཆོས་ལུགས།
|
བག་ཆགས་ (2)
| Part of speech
|
མིང་ཚིག
|
| Definition
|
སེམས་སྟེང་དུ་བཞག་པའི་ནུས་པ། སྒྲ་བཤད་ནི། མི་མངོན་པར་བག་ལ་ཞ་བའི་ཚུལ་གྱིས་ཆགས་པའམ་གནས་པས་ན་དེ་སྐད་ཅེས་བྱ་བའམ། ཡང་ན་ཤུལ་དུ་ཆགས་པས་ན་བག་ཆགས་སོ། །
|
| Example
|
ལས་དངོས་སུ་མེད་ཀྱང་ལས་ཀྱི་ཤུལ་དུ་ཆགས་པའི་ནུས་པ་ལ་ལས་ཀྱི་བག་ཆགས་ཞེས་པ་ལྟ་བུ།
|
བག་ཆགས་ (3)
| Part of speech
|
མིང་ཚིག
|
| Definition
|
བྱ་བ་བཟང་ངན་གྱི་ཤུགས་རྐྱེན་ནམ་ཤན་གྱི་དོན་ཏེ།
|
| Example
|
ད་རེས་ཁོང་ལ་བག་ཆགས་ཡག་པོ་ཞིག་འཇོག་དགོས་ལྟ་བུ།
|