39795

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བག་ཆགས་ཐམས་ཅད་པའི་ཀུན་གཞི་ (1)
Part of speech མིང་ཚིག
Definition སེམས་ཙམ་པ། རྙིང་མ། བག་ཆགས་ཐམས་ཅད་པའི་ཀུན་གཞི་ནི། ཀུན་གཞིའི་ཡ་གྱལ་ཞིག་སྟེ། འདི་ལ་བག་ཆགས་ཟག་བཅས་ཀྱི་ཀུན་གཞི་ཞེས་ཀྱང་གྲགས། དེ་ཡང་ཡིད་ཀྱི་མུན་སེལ་ལས། དབྱེ་ན་སྦྱོར་བ་དོན་གྱི་ཀུན་གཞི་ཟག་པ་མེད་པ་དང་། བག་ཆགས་ཐམས་ཅད་པའི་ཀུན་གཞི་ཟག་པ་དང་བཅས་པའོ། །ཞེས་དང་། ཡུལ་འདྲེ་རུང་དུ་འཛིན་པ་ནི་ཡིད་ཤེས་སོ། །དེ་ལ་ཆགས་སྡང་བར་མ་གསུམ་གང་རུང་དུ་འཛིན་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །དེ་གཉིས་ཀྱིས་ཕྱི་ནང་གི་ཆོས་ལ་གཉིས་སུ་མ་གྲུབ་བཞིན་དུ་གཉིས་སུ་ཞེན་པའི་བག་ཆགས་ཟག་བཅས་ཀྱི་ཀུན་གཞི་ལ་ལས་བསགས་པས་འཁོར་བའི་བདེ་སྡུག་སྣ་ཚོགས་ལ་སྤྱོད་པའོ། །ཞེས་གསུངས།
Domain ཆོས་ལུགས།