39799
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། རྣལ་འབྱོར་པ་དག་བག་ཆགས་ཀྱི་ཡུལ་རྣམས་འབྱང་བ་ལས་རྟགས་སྔོན་དུ་བྱུང་བའི་ལྟས་ནི། ཀུན་འདུས་རིག་པ་ལས། མཚན་མ་པྲ་ཡི་རྨི་ལྟས་ཀྱང༌། །ཤིན་ཏུ་རྒྱ་ཆེར་འབྱུང་བ་སྟེ། །རྣལ་འབྱོར་ཅན་གྱིས་ཤེས་པར་གྱིས། །བག་ཆགས་སྦྱང་བའི་སྔ་ལྟས་ཀྱང༌། །རྟག་པ་གཅེར་བུར་འབྱུང་བ་དང༌། །ཁྲུས་ཆེན་རྟག་ཏུ་བྱེད་པ་དང༌། །དྲི་མའི་ཚོགས་རྣམས་དག་པ་དང༌། །ཆུ་བོ་དག་ལ་རྒལ་བ་དང༌། །མཚོ་ཆུ་དག་ལ་རྐྱལ་བ་དང༌། །ཆར་གྱི་རྒྱུན་གྱིས་འཁྲུ་བ་དང༌། །གཞན་གྱིས་བུམ་པ་གང་བའི་ཆུས། །བདག་གི་ལུས་ལ་ལྡུགས་པ་དང༌། །མེ་དཔུང་ཆེན་པོས་བསྲེགས་པ་དང༌། །ཤིན་ཏུ་མཐོན་པོའི་རྩེ་དག་ལས། །རླུང་གིས་ཤིན་ཏུ་གཡེང་ཞིང་འཐོར། །འདི་དག་བག་ཆགས་སྦྱོང་བའི་ལྟས། །ཞེས་གསུངས་པར་ལྟར། རྟག་པར་སྒྲེན་མོར་འབྱུང་བ་རྨི་བ། རྟག་པར་ཆུས་འཁྲུ་ཞིང་ཁྲུས་བྱེད་པར་རྨི་བ། དྲི་མ་རྣམ་པར་དག་པར་རྨི་བ། ཆུ་བོ་ཆེན་པོ་འབོགས་ཏེ་བརྒལ་བའི་བར་འགྱུར་བ་རྨི་བ། མཚོ་ཆུ་ལ་རྐྱལ་བར་རྨི་བ། ཆར་རྒྱུན་གྱིས་འཁྲུ་བར་རྨི་བ། བུམ་ཆུ་འབྱུང་བས་འཁྲུ་བར་རྨི་བ། མེ་དཔུང་གིས་བསྲེགས་པར་རྨི་བ། རླུང་ཆེན་པོས་གཡེང་བར་བྱེད་པ་རྨི་བ། དེ་ཡིས་རྣམ་པར་འཐོར་བར་བྱ་བ་རྨི་བ་དང་བཅུའོ། །འདི་དག་ས་བཅུའི་བག་ཆགས་སྦྱོང་བའི་རིམ་པ་ལྟར་སྦྱར་བར་གསུངས། |
| Domain | ཆོས་ལུགས། |