39828

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བག་མའི་ལོ་སྐྱོན་ (1)
Part of speech མིང་ཚིག
Definition ལོ་རྟགས་གང་ཡིན་ཡང་ཁྱད་མེད་པར་ལོ་གྲངས་རྐྱང་པའི་ཐོག་ནས་བག་མར་རྫོངས་མི་རུང་བའི་ལོ་དག་ལ་ཟེར་ཞིང་། དེ་དག་ནི་བག་མ་རང་ལོ་བཅུ་བདུན་སོན་པ་ནས་སོ་གཉིས་སྟེང་བར་ཡིན། དེ་དག་ལས་རང་ལོ་བཅུ་བདུན་སྟེང་དུ་འགྲོ་བའི་བག་མ་ལ་གདོང་མོ་སྣ་དམར་མ་ཞེས་ཟེར་ཞིང་། བརྫངས་ན་ཁྱོ་ལ་ངན་པས་ཞུར་ནག་འཐེན་དགོས། རང་ལོ་བཅོ་བརྒྱད་སྟེང་དུ་འགྲོ་བའི་བག་མ་ལ་ནག་མོ་རལ་པ་ཅན་ཞེས་ཟེར་ཞིང་། བརྫངས་ན་འཁོར་ལ་ངན་པས་ཐོད་དཀར་གྱོན་དགོས། རང་ལོ་བཅུ་དགུའི་སྟེང་དུ་འགྲོ་བའི་བག་མ་ལ་དགུ་ཀེག་དམེ་ཤ་ཅན་ཞེས་ཟེར་ཞིང་། བརྫངས་ན་རང་ལ་ངན་པས་སེར་ཆས་བྱ་དགོས། རང་ལོ་ཉི་ཤུའི་སྟེང་དུ་འགྲོ་བའི་བག་མ་ལ་བྲེ་ཡི་ཁ་གཅོད་མ་ཞེས་ཟེར་ཞིང་། བརྫངས་ན་འགྲོགས་ཡུན་ཐུང་བས་ཕོད་དང་ནེ་བྱ་རུ་གཟུག་དགོས། རང་ལོ་ཉེར་གཅིག་སྟེང་དུ་འགྲོ་བའི་བག་མ་ལ་བྲུབ་ཁུང་ཆེན་མོ་ཞེས་ཟེར་ཞིང་། བརྫངས་ན་རང་ལ་ངན་པས་རྟེན་འབྲེལ་སྙིང་པོའི་གཟུངས་སྔགས་གདགས་དགོས། རང་ལོ་ཉེར་གཉིས་སྟེང་དུ་འགྲོ་བའི་བག་མ་ལ་བྱེ་བྲལ་ཀུན་གྱི་མ་ཞེས་ཟེར་ཞིང་། བརྫངས་ན་བྱེ་བྲལ་ལན་གཅིག་འབྱུང་བས་སྣང་བརྒྱད་གདགས་དགོས། རང་ལོ་ཉེར་གསུམ་སྟེང་དུ་འགྲོ་བའི་བག་མ་ལ་ཁྱོ་མེད་བྲང་ལག་གཡབ་ཅེས་ཟེར་ཞིང་། བརྫངས་ན་ཕ་མིང་ཁྱོ་གསུམ་ལ་ངན་པས་གདུགས་དཀར་དང་སྣང་བརྒྱད་གདོན་དགོས། རང་ལོ་ཉེར་བཞིའི་སྟེང་དུ་འགྲོ་བའི་བག་མ་ལ་ངོ་ནག་ཁྱིམ་མེད་མ་ཞེས་ཟེར་ཞིང་། བརྫངས་ན་རང་དང་ཁྱོ་ཀར་ངན་པས་ཕྱིང་དཀར་གྱོན་དགོས། རང་ལོ་ཉེར་ལྔའི་སྟེང་དུ་འགྲོ་བའི་བག་མ་ལ་རྔ་ཟོར་ཕྱི་མིག་མ་ཞེས་ཟེར་ཞིང་། བརྫངས་ན་ཕྱིར་ལོག་པས་མདོ་ལྔ་གདོན་དགོས། རང་ལོ་ཉེར་དྲུག་སྟེང་དུ་འགྲོ་བའི་བག་མ་ལ་སྟོང་ལྡོག་སྨྱོ་འདྲེ་ཅན་ཞེས་ཟེར་ཞིང་། བརྫངས་ན་རྒྱལ་འགོང་གནོད་པས་སྣ་ཆོག་གཅུན་དགོས། རང་ལོ་ཉེ་བདུན་སྟེང་དུ་འགྲོ་བའི་བག་མ་ལ་དགུ་མིག་ཁ་མོ་ཆེ་ཞེས་ཟེར་ཞིང་། བརྫངས་ན་དངུར་ཆེ་བས་སྣ་མེ་བཙས་བསྲེག་དགོས། རང་ལོ་ཉེར་བརྒྱད་སྟེང་དུ་འགྲོ་བའི་བག་མ་ལ་ཁྱོ་ཀར་དབང་བྱེད་མ་ཞེས་ཟེར་ཞིང་། བརྫངས་ན་ཁྱོ་ཀར་གཟན་པས་བག་མ་སླེབས་པའི་གདོང་སྟེ་འོང་སའི་ཕྱོགས་ཁྱོ་ཀས་བྱོལ་དགོས། རང་ལོ་ཉེར་དགུའི་སྟེང་དུ་འགྲོ་བའི་བག་མ་ལ་ནག་མོ་མི་ཟན་མ་ཞེས་ཟེར་ཞིང་། བརྫངས་ན་འཁོར་ལ་སྡུག་བསྔལ་བསྐྱེད་པས་འཇམ་དཔལ་དང་སྣང་བརྒྱད། གསེར་གྱི་མདོ་ཐིག་བཅས་གདོན་དགོས་ལ། མགོ་གསུམ་གཏོ་དང་ལེན་སར་ཟ་འདྲེ་ཁ་བསྒྱུར་ཀྱང་བྱ་དགོས། རང་ལོ་སུམ་ཅུའི་སྟེང་དུ་འགྲོ་བའི་བག་མ་ལ་ཐང་ཆད་མ་ཞེས་ཟེར་ཞིང་། བརྫངས་ན་ཕ་ཁྱིམ་ལྡོག་པས་ཆབ་གཏོར་གཏང་དགོས། རང་ལོ་སོ་གཅིག་སྟེང་དུ་འགྲོ་བའི་བག་མ་ལ་ནག་པོ་ནོར་ཟན་མ་ཞེས་ཟེར་ཞིང་། བརྫངས་ན་གོད་ཁ་འོང་བས་ལྷ་མཆོད་གཡང་བསླན་དང་ནོར་ལྷ་མཆོད་དགོས། རང་ལོ་སོ་གཉིས་སྟེང་དུ་འགྲོ་བའི་བག་མ་ལ་ཟད་མཐའ་ཅེས་ཟེར་ཞིང་། དེ་ནི་བག་མ་རྫོངས་པར་ཅིས་ཀྱང་སྤང་དགོས།
Domain རྩིས་རིག

{{#arraymap:བག་མའི་ལོ་སྐྱོན་

|; |@@@ | | }}