39839

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བག་ཙམ་སྐུར་འདེབས་ཀྱི་ལྷག་མ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའམ་བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་གོས་པ་དང་ལྡན་པ་ལ་བསམ་པ་ཉམས་འདུན་གྱིས་སྦྱོར་བ་མི་གསལ་བས་བག་ཙམ་དུ་ཕམ་པས་བསྐུར་བ་བཏབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞི་ཞིག་ལ་འཇོག དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་རང་དང་ལྟ་བ་མཐུན་པའམ། མི་མཐུན་ཀྱང་ཕམ་པས་མ་གོས་པའི་དགེ་སློང་ཕ་མ་གང་རུང་ལ་ཉམས་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ། སྦྱོར་བ་ངག་གསལ་པོས་གཞན་གྱི་གོ་བར་གཞི་མེད་དུ་ཕམ་པས་སྐུར་བ་བཏབ་པ་ན་ལྷག་མ་འགྱུར་བའི་ཕྱིར། གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་གྱད་བུ་ནོར་ལ་ཕམ་པས་བསྐུར་བ་བཏབ་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བག་ཙམ་སྐུར་འདེབས་ཀྱི་ལྷག་མ་

|; |@@@ | | }}