39855

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བག་ཡོད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བག་ཡོད་པ་ནི་དུག་གསུམ་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས་དགེ་བའི་ཆོས་རྣམས་སྒོམ་པ་དང། ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་བསྲུང་བའི་སེམས་བྱུང་ངོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། །བག་ཡོད་པ་ནི་དད་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་ལ་གཅེས་སྤྲས་སུ་བྱེད་ཅིང་སྒོམ་པ་སྟེ། དབྱེ་ན་བསོད་ནམས་དང་ཐར་པ་དང་ངེས་འབྱེད་ཆ་མཐུན་དང་ཟག་མེད་ཀྱི་དགེ་བ་སྒོམ་པའི་བག་ཡོད་པ་བཞིའོ། །ལས་ནི་འཇིག་རྟེན་དང་དེ་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་རྫོགས་པར་བྱེད་པའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:བག་ཡོད་

|; |@@@ | | }}

བག་ཡོད་ (2)
Part of speech མིང་ཚིག
Definition དགེ་བའི་སེམས་བྱུང་བཅུ་གཅིག་གི་ཡ་གྱལ་ཞིག བླང་དོར་གྱི་གནས་ལ་གཟོབ་པ་ལྷུར་ལེན་ཞིང་། དད་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་གཅེས་སྤྲས་སུ་བསྒོམ་པའམ་ཟག་པ་དང་ཟག་པའི་གནས་ལས་སེམས་བསྲུང་བའོ། །དེའི་བྱེད་ལས་ནི་འཇིག་རྟེན་དང་དེ་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་རྫོགས་པར་བྱེད་པའོ། །དབྱེ་ན་བཞིའོ། །

{{#arraymap:བག་ཡོད་

|; |@@@ | | }}