From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བག་ཡོད་པ་ (1)
| Part of speech
|
མིང་ཚིག
|
| Definition
|
དྲན་པ་བརྟན་པོ་ཡོད་པའི་དོན། དགེ་བའི་སེམས་བྱུང་བཅུ་གཅིག་གི་ཡ་གྱལ་ཞིག་སྟེ། བླང་དོར་གྱི་གནས་ལ་གཟོབ་པ་ལྷུར་ལེན་པ་སྲིད་ཞིའི་ལེགས་ཚོགས་སྒྲུབ་པའི་ལས་ཅན།
|
| Example
|
དྲན་ཤེས་བག་ཡོད་པ། བྱ་སྤྱོད་ཚུལ་མཐུན་དང་བག་ཡོད་པ་ལྟ་བུ།
|
| Domain
|
ཆོས་ལུགས།
|
བག་ཡོད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རས་དང་དར་གོས་སོགས་ཀྱི་ཐོག་ལ་བག་ཚིའམ་བག་འདག་ཡོད་པའི་དོན་ཏེ།
|
| Example
|
བག་ཡོད་པའི་རས། བག་ཡོད་པའི་དར་གོས་ལྟ་བུ།
|
བག་ཡོད་པ་ (3)
| Part of speech
|
མིང་ཚིག
|
| Definition
|
དྲི་མའམ་གཡའ་ཡོད་པའི་དངོས་པོ་སྟེ།
|
| Example
|
ནད་བག་ཡོད་པ་ལྟ་བུ།
|