39860

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བག་ཡོད་པ་ལ་གནས་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཉེར་གཉིས་ལས་བྱུང་བ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་བསྲུངས་པ་དང༌། བྱང་ཆུབ་ཀྱི་སེམས་མ་ཉམས་ཤིང་ཤིན་ཏུ་སྦྱངས་པ། བྱང་ཆུབ་སེམས་དཔའི་བསམ་པ་གཡོ་དང་སྒྱུ་མེད་པ། དགེ་བའི་རྩ་བ་ཕྱིར་མི་ལྡོག་པ། རང་གི་སེམས་བསྐྱེད་པ་ཤིན་ཏུ་རྟོགས་པ། ཕྱོགས་ཁྱིམ་པ་དང་སོ་སོའི་སྐྱེ་བོ་དང་མ་འདྲེས་པ། དགེ་བའི་རྩ་བའི་ལས་འཇིག་རྟེན་གྱི་འདུ་ཤེས་དང་འདོད་པ་ཐམས་ཅད་དང་བྲལ་བ། བྱང་ཆུབ་སེམས་དཔའི་ལམ་ཉན་ཐོས། རང་སངས་རྒྱས་ཀྱི་ཐེག་པ་སྤངས་པ་རབ་ཏུ་ཐོབ་པ། དགེ་བའི་རྩ་བ་བརྩམ་པ་ནན་ཏན་རྒྱུན་ཆད་པ་མེད་པ། བདག་གི་རྒྱུད་ཀྱི་སྟོབས་ཀྱི་ཤུགས་ཤིན་ཏུ་བརྟག་པ་དག་གོ །
Domain ཆོས་ལུགས།

{{#arraymap:བག་ཡོད་པ་ལ་གནས་པ་བཅུ་

|; |@@@ | | }}