39862

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བག་ཡོད་པའི་ཕན་ཡོན་ལྔ་ (1)
Part of speech མིང་ཚིག
Definition འདུལ་བ་གཞི་ལས་བྱུང་བ་སྟེ། བག་ཡོད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་མི་འགྱུར་བ། བག་ཡོད་པ་ལ་གནས་པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་སུ་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོ་གྲགས་པར་འགྱུར་བ། བག་ཡོད་པ་ལ་གནས་པའི་རྒྱུས་རྒྱལ་རིགས་ཀྱི་འཁོར་དུའང་རུང་། བྲམ་ཟེའི་འཁོར་དུའང་རུང་། ཁྱིམ་བདག་གི་འཁོར་དུའང་རུང་། དགེ་སློང་གི་འཁོར་དུའང་རུང་། འཁོར་གང་དང་གང་དུ་འགྲོ་བའི་འཁོར་དེ་དག་དེར་ཞུམ་ཞུམ་པོར་མ་ཡིན་པ་དང་། དགའ་བ་དང། བག་ཚ་མེད་པས་འགྲོ་བར་འགྱུར་བ། བག་ཡོད་པ་ལ་གནས་པའི་རྒྱུས་ཡིད་ལ་གཅགས་པ་མེད་པར་འཆི་བར་འགྱུར་བ། བག་ཡོད་པ་ལ་གནས་པའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེས་པར་འགྱུར་བའོ། །
Domain ཆོས་ལུགས།

{{#arraymap:བག་ཡོད་པའི་ཕན་ཡོན་ལྔ་

|; |@@@ | | }}