39869

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བག་རྩིས་ (1)
Part of speech མིང་ཚིག
Definition འཇིག་རྟེན་མཐུན་འཇུག་གི་ན་ཚོད་སྨིན་པའི་བུ་དང་བུ་མོ་ཕན་ཚུན་གཉེན་སྒྲིག་བྱས་ན་རྩ་བའི་ཆ་ན་མཐུན་མིན་དང་། ཕྱིས་འབྱུང་གི་མཉམ་རོལ་འཚོ་བའི་ཁྲོད་དུ་བདེ་སྡུག་ལེགས་ཉེས་ཅི་འབྱུང་། བུས་པ་དང་ནོར་ཕྱུགས་འཛོམས་མིན། བག་མ་བསུ་སྐྱེལ་བྱེད་པར་ཟླ་ཚེས་གང་བཟང་བཅས་སྟོན་པའི་རྩིས་ལ་ཟེར་བ་ཡིན། དེ་ཡང་འབྱུང་རྩིས་ཟླ་ཟེར་དུ་གཉེན་སྒྲིག་བྱས་ན་མཐུན་མིན་དང་། བག་མ་ལམ་དུ་འཇུག་ཚུལ་བཅས་ས་དཔྱད་གཉིས་ཀྱི་ལམ་ནས་མཐུན་སྦྱོར་གཉེན་རྩིས་འདི་གཏན་ཕབ་མཛད་ཡོད་ལ། དེ་ལས་མཐུན་མིན་ནི་མག་བག་གཉིས་ཀྱི་སྲོག་ལུས་དབང་ཀླུང་བཞི་ཕན་ཚུན་ནང་མཐུན་དུ་འཐབ་པའི་འཐབ་རྡེལ་བཞི་དང་། འབྱུང་བའི་སྤུན་གྲངས་བརྩིས་ནས་བོར་བའི་རྭ་བསེ་རྡེལ་གྲངས་མཉམ་རྒྱལ་གྱི་རྡེལ་གཅིག སྐྱེས་ཟླ་གཉིས་ཀྱི་སྲོག་ཁམས་གཉིས་ཕན་ཚུན་འཐབ་པའི་འཐབ་རྡེལ་གཅིག སྐྱེས་སྤར་གཉིས་ཀྱི་ཁམས་གཉིས་ཕན་ཚུན་འཐབ་པའི་འཐབ་རྡེལ་གཅིག སོ་སོའི་རུས་ཁམས་གཉིས་ཕན་ཚུན་འཐབ་པའི་འཐབ་རྡེལ་གཅིག ཨ་མ་གཉིས་ཀྱི་རུས་ཁམས་གཉིས་ཕན་ཚུན་འཐབ་པའི་འཐབ་རྡེལ་གཅིག སྲོག་ལུས་དབང་ཀླུང་གི་སྨེ་བའི་གོང་བཞིའི་རྡེའུ་བཞི་བཅས་གསལ་སྟོན་རྩ་བའི་ལུགས་ཀྱི་རྡེའུ་བཞི་བཅས་གསལ་སྟོན་རྩ་བའི་ལུགས་ཀྱི་རྡེའུ་བཅུ་གསུམ་དང་། རང་འགྲེལ་ཉི་ཤུ་པ་ལས་གསུངས་པའི་ཎི་ཤ་དང་སྐྱེས་ཟླའི་སྲོག་སོགས་ཀྱི་དར་གུད་བརྩི་བ་སོགས་ཀྱིས་བསྟན་ཡོད། དེ་ལྟར་མཐུན་མིན་བརྟག་པའི་རྗེས་ཀྱི་ས་དཔྱད་གཉིས་པ་ལམ་འཇུག་གི་རྩིས་ནི་བྱུར་ཐག་ཉི་ཤུ་དང་། རྫོངས་ལུགས་བཅུ། དགོས་པའི་མི་ལྔ་བཅས་ཀྱིས་བསྟན་ཡོད། བཻ་དཀར་དུ་དང་པོ་མཐུན་མིན་བརྟག་པའི་རྩིས་དང་། གཉིས་པ་ལམ་དུ་འཇུག་པའི་རྩིས། གསུམ་པ་བཅོས་ཐབས་བསྟན་པ་བཅས་ས་དཔྱད་གསུམ་གྱིས་མཐུན་སྦྱོར་བག་མའི་རྩིས་འདི་གཏན་ཕབ་མཛད་ཡོད་ལ། དེ་ལས་དང་པོ་མཐུན་མིན་བརྟག་པའི་རྩིས་ལ་ནང་གསེས་བཅོ་ལྔ་དང་། ལམ་དུ་འཇུག་པའི་རྩིས་ལ་ནང་གསེས་བཅུ་བདུན་བཅས་གསུངས་ཡོད་པ་སོ་སོའི་སྐབས་སུ་གཟིགས་པར་འཚལ།
Domain རྩིས་རིག

{{#arraymap:བག་རྩིས་

|; |@@@ | | }}