39902
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། དེ་ཡང་སྣོད་བཅུད་ཀྱིས་བསྡུས་པ་གང་ཞིག་གནས་པ་དང་གང་བའམ་ཕྱུག་པ་རྒྱས་པ་སོགས་སྐྱེ་འཕེལ་གྱི་རང་བཞིན་ལྡན་པ་དེ་ལ་གེགས་བྱེད་པ་སྟེ་དེ་དག་ཀུན་སྟོང་པ་དང་བརླག་པ་དང་ཟད་པ་འགྱུར་བ་འགྲིབ་པར་བྱེད་པའི་རིགས་ཤིག་ལ་བྱའོ། །དེའི་ངེས་ཚིག་ནི། གཅིག་གིས་གཅིག་ལ་བར་གཅོད་པའམ་གེགས་ཤིང་བྱེད་པའམ་བགེགས་བྱེད་པས་བགེགས་ཞེས་སོ། །གཟེར་མིག་ལས། གཏོ་བུས་སེམས་ཅན་རྣམས་ལ་བར་དུ་གཅོད་པའི་བགེགས་ཞེས་བྱ་བ་ནི། ཁ་དོག་དབྱིབས་སུ་གྲུབ་པའི་དངོས་པོ་གཅིག་ལ་ཡེ་ནས་མི་ཟེར་རོ། །གང་ཞིག་ཆགས་པ་འཇིག་པར་བྱེད་པ་རྣམས་ཀྱང་བགེགས་ཞེས་བྱའོ། །གང་བ་སྟོང་པར་བགེགས་པ་རྣམས་ཀྱང་བགེགས་ཞེས་བྱའོ། །ཡོད་པ་མེད་པར་བགེགས་པ་རྣམས་ཀྱང་བགེགས་ཞེས་བྱའོ། །བརྟན་པ་འགྱུར་བར་བགེགས་པ་རྣམས་ཀྱང་བགེགས་ཞེས་བྱའོ། །མི་ན་ན་བར་བགེགས་པ་རྣམས་ཀྱང་བགེགས་ཞེས་བྱའོ། །ན་བ་འཆི་བར་བགེགས་པ་རྣམས་ཀྱང་བགེགས་ཞེས་བྱ། གྲུབ་པ་མི་འགྲུབ་པར་བྱེད་པ་རྣམས་ཀྱང་བགེགས་ཞེས་བྱའོ། །དེ་ལྟར་བགེགས་པས་བགེགས་ཞེས་ཀུན་ལ་འདོགས། སྤྱིར་ན་དོན་དམ་ངེས་པ་མ་རྟོགས་པའི་རིགས་དྲུག་སེམས་ཅན་རྣམས། མ་རིག་རྨོངས་པའི་དབང་གིས་འཁོར་བའི་ས་ལ་གནས། ཆགས་པ་ཞེས་པའི་ལས་ཀྱིས་སྡུག་བསྔལ་འདོད་པས་གདུང་། གཅིག་གིས་གཅིག་ལ་བགེགས་ཤིང་གནོད་པས་བགེགས་ཞེས་བྱའོ། །ཞེས་པས། རྣམ་ཀུན་བགེགས་ཞེས་བྱ་བ་དེ་ཡང་། མི་མ་ཡིན་གྱི་རིགས་ཏེ་མདོར་ན་སྲོག་ལྡན་གྱི་གང་ཟག་གི་རིགས་ཤིག་ལ་གོ་བ་ལེན་ནའང་དེ་གཅིག་པུར་ངེས་པ་མེད་པ་སྲོག་མེད་བེམ་པོར་གཏོགས་པའི་གེགས་བྱེད་རྣམས་ལ་བགེགས་ཞེས་བྱ་བ་ཡིན་པ་རིག་པར་བྱའོ། ། |
| Domain | ཆོས་ལུགས། |