39903

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བགེགས་ཀྱི་གྲོགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་ལ་བསྙེན་པའི་སྐབས་ཀྱི་སྤང་བྱའི་གྲོགས་ཤིག་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། རྒྱུ་འབྲས་མི་ཉན་ལོག་བསླུ་མཁན། དགེ་བའི་གེགས་ཤིང་བགེགས་ཀྱི་གྲོགས། ཞེེས་གསུངས་པས། དེ་ཡང་རྒྱུ་འབྲས་བདེན་པའི་བོན་ལ་མི་ཉན་ཞིང་ལོག་པར་བསླུ་བྲིད་བྱེད་ཅིང་དགེ་བའི་ལས་ལ་གེགས་སུ་བྱེད་པའི་གྲོགས་ལ་བྱའོ། །དེ་ལ་བདུད་ཀྱི་གྲོགས་ཞེས་བྱ་བ་ནི། དགེ་བའི་ལས་ལ་གེགས་སུ་བྱེད་པས་དེ་ལྟར་བརྗོད་པར་མངོན་ནོ། །
Domain ཆོས་ལུགས།