39905
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་ནག་པོ་པས་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་མཁའ་འགྲོ་ནས་ཕྱུང་། རྒྱ་གར་གྱི་པཎྜི་ཏ་ག་ཡ་དྷ་ར་དང་། ལོ་ཙཱ བ་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར། ཆོས་ཚན་འདི་སྡེ་དགེ་པར་མ་དང་། པེ་ཅིང་པར་མ་ཅོ་ནེ་པར་མ་གསུམ་ལ་ཆོས་སྐྱོང་དང་ནོར་ལྷའི་སྐོར་ལ་༢༤༣༨ཚར་གཅིག་འཁོད་པ་དང་། ཡང་པེ་ཅིང་པར་མ་དང་སྣར་པར་མ་ལ་རྒྱུད་གསར་བཅུག་གི་སྐབས་འདིར་ཚར་གཅིག་སྟེ་པེ་ཅིང་པར་མ་ལ་བསྐྱར་ཟློས་སུ་འཁོད་པའི་རྐྱེན་གྱིས་བསྟན་འགྱུར་དཔེ་བསྡུར་མ་ལ་རྒྱུད་གསར་བཅུག་གི་སྐབས་འདིར་སྡེ་དགེ་པར་མ་དང་། ཅོ་ནེ་ལ་མི་བཞུགས་ཞེས་པེ་ཅིང་པར་མ་དང་སྣར་ཐང་པར་མ་ལ་དཔེ་བསྡུར་བྱས་ཏེ་བཀོད་པ་དང་། གོང་དུ་ཆོས་སྐྱོང་དང་ནོར་ལྷའི་སྐོར་ལ་ཆོས་ཚན་ ༢༤༣༨ པ་སྣར་ལ་མི་བཞུགས་ཞེས་སྡེ་དགེ་པར་མ་དང་། པེ་ཅིང་པར་མ་ཅོ་ནེ་གསུམ་ལ་དཔེ་བསྡུར་བྱས་ཏེ་བཀོད་པ་གཉིས་བསྐྱར་ཟློས་སུ་འཁོད། བསྟན་འགྱུར་རྒྱུད་ཨུ་པར་བཞུགས། |