39906

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition སྒྲུབ་ཐབས་འདི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་ཕྱུང་བའོ། །འདི་སྡེ་དགེ་པར་མ་དང་། པེ་ཅིང་པར་མ་ཅོ་ནེ་གསུམ་ལ་ཆོས་སྐྱོང་དང་ནོར་ལྷའི་སྐོར་ལ་ཚར་གཅིག་འཁོད་པ་དང་། ཡང་པེ་ཅིང་པར་མ་དང་། སྣར་ཐང་པར་མ་ལ་རྒྱུད་གསར་བཅུག་གི་སྐབས་སུ་ཚར་གཅིག་སྟེ་པེ་ཅིང་པར་མ་ལ་བསྐྱར་ཟློས་སུ་འཁོད་པའི་རྐྱེན་གྱིས་བསྟན་འགྱུར་དཔེ་བསྡུར་མ་ལའང་ཆོས་སྐྱོང་དང་ནོར་ལྷའི་སྐོར་ལ་སྣར་ལ་མི་བཞུགས་ཞེས་སྡེ་དགེ་པར་མ་དང་། པེ་ཅིང་པར་མ་དང་། ཅོ་ནེ་གསུམ་ལ་དཔེ་བསྡུར་བྱས་ཏེ་བཀོད་པ་དང་། རྒྱུད་གསར་བཅུག་གི་སྐབས་སུ་ཆོས་ཚན་ ༢༨༡༨ པ་སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་ལ་མི་བཞུགས་ཞེས་པེ་ཅིང་པར་མ་དང་། སྣར་ཐང་པར་མ་ལ་དཔེ་བསྡུས་བྱས་ཏེ་བཀོད་པ་གཉིས་བསྐྱར་ཟློས་སུ་འཁོད་འདུག བསྟན་འགྱུར་རྒྱུད་ཚུ་པར་བཞུགས།
བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ (2)
Part of speech མིང་ཚིག
Definition སློབ་དཔོན་ནག་པོ་སྤྱོད་པ་པས་མཛད་པའི་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས། པཎྜི་ཏ་ག་ཡ་དྷ་ར་དང་། ལོཙྪ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར། བསྟན་འགྱུར་རྒྱུད་ཨུ་པར་བཞུགས།