39909

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བགེགས་གཏོར་གཏང་བའི་དྲིལ་གཅིག་བདུད་ལས་རྣམ་པར་རྒྱལ་བའི་འཁོར་ལོ་ (1)
Part of speech མིང་ཚིག
Definition གཏེར་ཆེན་རཏྣ་གླིང་པའི་ཆོས་སྐོར་ཞིག་སྟེ། འདིའི་ནང་དོན་བརྗོད་བྱ་ནི། གསང་སྔགས་བསྐྱེད་རྫོགས་ཀྱི་ཆོ་ག་ལ་འཇུག་པའི་རྣལ་འབྱོར་པས་སྒྲུབ་པ་བཀའ་བརྒྱད་ལ་སོགས་པ་བསྐྱེད་རྫོགས་ཆེ་འབྲིང་ཆུང་གསུམ་གང་ལ་འཇུག་ཀྱང་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་སྔོན་དུ་འགྲོ་དགོས་ཚུལ་དང་། ལས་བྱང་གང་ཡང་རུང་བའི་བཀའ་བསྒོའི་རྗེས་སུ་འབྱུང་པོ་རྣམས་ལ་གཏོར་མ་བཏང་ཞིང་སྒྲུབ་པ་ལ་མི་དབང་བའི་བགེགས་རྣམས་སྐྲོད་ཚུལ་བསྟན། མཛད་བྱང་དུ། འབྱུང་གཏོར་གཏང་བའི་རིམ་པ་བདུད་ལས་རྣམ་པར་རྒྱལ་བའི་འཁོར་ལོ་འདི་ནི་དུས་མཐའི་གཏེར་སྟོན་རཏྣ་གླིང་པས་ཨོ་རྒྱན་ཆེན་པོའི་བཀའ་དང་། རིག་འཛིན་གོང་མ་རྣམས་ཀྱི་གསུང་ལ་བརྟེན་ནས་གནུབས་གཡུ་མཚོའི་མགུལ་བདེ་ཆེན་གླིང་གི་གཙུག་ལག་ཁང་དུ་ཆུ་གླང་སྦྲུལ་ཟླའི་ཚེས་ཉེར་གཅིག་ལ་སྦྱར་བའོ། །ཞེས་གསལ།

{{#arraymap:བགེགས་གཏོར་གཏང་བའི་དྲིལ་གཅིག་བདུད་ལས་རྣམ་པར་རྒྱལ་བའི་འཁོར་ལོ་

|; |@@@ | | }}