39925

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བགེགས་ལ་བསྣུན་པའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། ལག་གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག གཡས་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་གསོར་ཞིང་ལན་གསུམ་བསྐོར་། ཨོཾ་འདྲ། བཛྲ་རྡོ་རྗེ། ཛྭ་ལ་འབར་བ། ཨ་ན་ལཱརྐ་ནི་མེ་སྟེ། རྡོ་རྗེ་འབར་བ་ཞེས་ལན་གསུམ་བརྗོད། རང་མེ་ལྟར་འབར་བའི་ང་རྒྱལ་བརྟན་པོས། རང་གི་སྙིང་གའི་རྡོ་རྗེ་ལས་རྡོ་རྗེ་དཔག་ཏུ་མེད་པ་འཕྲོས་ནས་བར་དུ་གཅོད་པའི་བགེགས་ལ་བསྣུན་པས་ཚར་གཅོད་པར་བསམ་མོ། །ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། ལག་གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག གཡས་རྡོ་རྗེ་ཁུ་ཚུར་གྱིས་གསོར་བའི་ཚུལ་དུ་བྱ་ཞིང་། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ། ལན་གསུམ་གྱི་ཚེ་ཡིད་ཀྱིས་རང་ཁྲོ་བོ་མེ་ལྟར་འབར་བའི་ཕྱག་གི་རྡོ་རྗེ་དེ་ལས་རྡོ་རྗེ་དཔག་ཏུ་མེད་པ་འཕྲོས་ཏེ་བགེགས་རབ་ཏུ་དྲག་པོ་རྣམས་ལ་བསྣུན་ཅིང་བརྡུང་བས་ཚར་བཅད་པར་བསམ་མོ། །ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །
Domain ཆོས་ལུགས།