39972

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བགྲང་བ་ (1)
Part of speech མིང་ཚིག
Definition གྲངས་ཀ་རྩིས་པའི་དོན་གྱི་བགྲངས་ཀྱི་ད་ལྟ་བ་དང་མ་འོངས་པའི་བྱ་མིང་།
བགྲང་བ་ (2)
Part of speech མིང་ཚིག
Definition མདོ། མངོན་པ། དེ་ལ་བགྲང་བ་ནི་འདུ་བྱ་བ་མེད་པར་ལུས་སེམས་རྣལ་དུ་འདུག་སྟེ་དབུགས་རྔུབ་པ་དང་འབྱུང་བ་དག་ལ་སེམས་གཏད་ནས་གཅིག་ནས་བཅུའི་བར་དུ་ཡིད་ཀྱིས་བགྲང་བའོ། །དེ་ལས་ཉུང་ན་བྱིང་བ་དང་མང་ན་རྒོད་པར་དོགས་པའི་ཕྱིར་མི་བགྲང་ངོ་། །དེ་ཡང་གཉིས་ལ་གཅིག་ཏུ་འཛིན་ན་མ་ཚང་བར་བགྲངས་པ་དང་། གཅིག་ལ་གཉིས་སུ་འཛིན་ན་ལྷག་པར་བགྲངས་པ་དང་། རྔུབ་པ་ལ་འབྱུང་བ་དང་འབྱུང་བ་ལ་རྔུབ་པར་བགྲངས་ན་འཆོལ་པར་བགྲངས་པའི་སྐྱོན་གསུམ་དང་བྲལ་བར་བགྲང་བ་ནི་ཡང་དག་པར་བགྲང་བའོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།