3999
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་སྡོང་ཐུང་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ཕྲ་ལ་མང་བ་སྐྱེ་དབྱིབས་འཕང་མ་འདྲ་ལ་ཡལ་ག་ཡལ་ཕྲན་མང་བ། ཡལ་ཕྲན་གཞོན་དུས་སྨུག་པོ་སྤུ་ཆུང་ཅན་ལོ་མ་ལྗང་མཐུག་འཇོང་དབྱིབས་ཞིབ་ཆུང་གསུམ་གསུམ་ཁ་སྤྲོད་དུ་སྐྱེ་བ་དང་། མེ་ཏོག་ཟིང་དམར་སྦུབས་སྟོང་འདབ་མ་ལྔ་ཅན་བཞི་ལྔ་ཙམ་ཚོམ་བུར་འཆར་བ། འབྲས་བུ་དམར་སེར་བྱུ་རུའི་མདོག་ལྟ་བུ་སྒོང་དབྱིབས་ཆུ་བུར་རྡོལ་ལ་ཁད་པ། ནང་དུ་རུས་པ་གཉིས་གཉིས་ཡོད། ཡལ་ག་བོད་ཟླ་གསུམ་པའི་ནང་བཅད་དེ་དུམ་བུར་གཏུབ་ནས་བསྐམས་རྗེས་སྨན་དུ་སྤྱོད་རྒྱུ། འབྲས་བུ་རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བའོ། ཡལ་ཕྲན་རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པས་བསིལ་བས་གློ་བའི་ནད་དང་། མིག་གི་ནད་སོགས་ལ་ཕན། དེ་མིན་བད་ཀན་གྱི་ནད་གྱེན་དུ་འདྲེན་པར་བྱེད། |