40012

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བང་ (1)
Part of speech མིང་ཚིག
Definition སྲོག་ཆགས་མྱུར་བར་རྒྱུག་པའི་རྩལ་གྱི་མིང་སྟེ།
Example རྟ་ཕོའི་བང་ཁ་འགྲན། རི་དྭགས་ཀྱི་བང་རྩལ་ལྟ་བུ།
བང་ (2)
Part of speech མིང་ཚིག
Definition འབྲུ་རིགས་སོགས་ནོར་རྫས་འཇོག་ཡུལ་གྱི་ཁང་བའི་མིང་སྟེ། བང་བ་ཞེས་པའི་ཚིག་བསྡུས་པ།
Example འབྲུ་བང་། རྩམ་བང་ལྟ་བུ།
བང་ (3)
Part of speech མིང་ཚིག
Definition མང་པོ་གྲལ་སྟར་སྒྲིག་པའི་དོན།
Example སློབ་ཕྲུག་རྣམས་བང་ཕྱི་ནང་བར་གསུམ་བྱས་ནས་བསྒྲིག་ཏུ་བཅུག་ལྟ་བུ།
བང་ (1)
Part of speech བྱ་ཚིག
Definition དངོས་རྫས་བརླན་གཤེར་གྱི་ནང་དུ་སྦངས་ནས་དེའི་ནང་གི་ཆུའི་ཆ་ཤས་ཇེ་མང་དུ་སོང་བའི་དོན།
Transitive བྱ་བྱེད་ཐ་མི་དད་པ།
Future [བང་།, ཆར་གྱིས་གྱོན་པ་བང་ཉེན་ཡོད།]
Present [བང་།, གོས་བང་བྱེད་ཀྱི་ཆར་བ།]
Past [བངས, གྱོན་པ་བངས་སོང་ལྟ་བུ།]