40028

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བང་མཛོད་ལྟ་བུའི་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས། ཚོགས་གཉིས་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། རྫས་མང་པོ་བཞག་པའི་བང་མཛོད་ལྟ་བུ་ཡིན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ཡིན་པའི་ཕྱིར། འདི་ཚོགས་གཉིས་མི་ཟད་པའོ། །ཞེས་གསུངས། ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས། བསོད་ནམས་དང་ཡེ་ཤེས་དང་ལྡན་པ་ནི། བང་མཛོད་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ཡིན་པས་སོ། །ཞེས་གསུངས་སོ། །
Domain ཆོས་ལུགས།