40071

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅད་བྱ་དང་གཅོད་བྱེད་ (1)
Part of speech མིང་ཚིག
Definition གཅོད་བྱེད་བཅད་པར་བྱ་བ་ཉིད། །ཕྱི་རོལ་གྱི་ནི་ཁམས་བཞི་ཡིན། །དེ་བཞིན་བསྲེག་བྱ་འཇལ་བྱེད་པའོ། །སྲེག་དང་གཞལ་ལ་མི་མཐུན་སྨྲ། །ཞེས་གསུངས། དེ་རྣམས་ལ་གཅོད་བྱེད་དང་བཅད་བྱ་སོགས་ཀྱི་ཁྱད་པར་ཡོད་དེ། ཕྱི་རོལ་གྱི་ཁམས་གཟུགས་དྲི་རོ་རེག་བྱ་རྣམས་གཅོད་པར་བྱེད་པ་སྟ་རེ་དང་། གཅད་པར་བྱ་བ་ཤིང་ལྟ་བུ་ཡིན་ལ། ལྷག་མ་རྣམས་དེ་གང་ཡང་མ་ཡིན་པའི་ཕྱིར། དེ་བཞིན་ཞེས་སོགས་རྐང་པ་གཉིས་ཀྱི་དོན་ཡོད་དེ། སྔ་མ་བཞི་གཅོད་བྱེད་སོགས་ཡིན་པ་བཞིན་དུ་སྲེག་བྱེད་འཇལ་བྱེད་ཀྱང་ཡིན་ཅིང་། སྲེག་བྱེད་འཇལ་བྱེད་ལ་མངོན་པ་པ་རྣམས་མི་མཐུན་པར་སྨྲ་བའང་ཡོད་ཅེས་པའི་དོན་ཡིན་པའི་ཕྱིར།