40102
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན་པོ། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ་བསྙེན་པ་གཞི་མའི་ལས་རིམ་དགུའི་ནང་ཚན་ཏེ། གསང་སྔགས་བསྙེན་བསྒྲུབ་(བསྙེན་པ་དགུ་དང་བསྒྲུབ་པ་བཅོ་བརྒྱད་ལ་གོ)ལས་རིམ་ལ་འཇུག་སྐབས་ཕྱི་མཚན་མའི་དཀྱིལ་འཁོར་བཅའ་བཀོད་ལས་རིམ་གྱི་སྐོར་རོ། །ལས་རིམ་དེ་ལ་གྲངས་ཀྱིས་དབྱེ་ན། བསྲུང་བ་མཚམས་བཅད་ཕྱི་རུ་བསྙེན་པ། དཀྱིལ་འཁོར་དལ་འབྲི་ནང་དུ་བསྙེན་པ། སྒོ་དབྱེ་བསྲེ་བསྣན་གསང་བར་བསྙེན་པ་དང་གསུམ་དུ་བཤད་དོ། །དེ་དག་ལ་ཡང་འབྲས་བུའི་བསྙེན་པ་ཞེས་བྱའོ། །ཞིབ་པར་སོ་སའི་སྐབས་སུ་གསལ། |
| Domain | ཆོས་ལུགས། |