40104

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅའ་བ་ (1)
Part of speech མིང་ཚིག
Definition འདུལ་བའི་གཞུང་ནས་གསུངས་པའི་ཁ་ཟས་རིགས་ཤིག་སྟེ། གཙོ་བོ་རྩ་བ་དང་། སྡོང་བུ། ལོ་མ། མེ་ཏོག། འབྲས་བུ་བཅས་ལ་ཟེར་རོ། འདི་དག་ལ་བཅའ་བ་ཞེས་ཟེར་དོན་ནི། འབྲས་ཆན་སོགས་བཙོས་ནས་ཟ་དགོས་པའི་རིགས་ནི་སྲོག་འཚོ་བའི་ཟས་ཀྱི་གཙོ་བོ་ཡིན་པས་བཟའ་བ་དང་། ཤིང་ཏོག་སོགས་རྗེན་པར་བཟར་རུང་བའི་རིགས་སྲོག་འཚོ་བའི་ཟས་ཕལ་བ་ཡིན་པས་བཅའ་བ་ཞེས་ཟེར་བ་ཡིན་ནོ། །
བཅའ་བ་ (2)
Part of speech མིང་ཚིག
Definition ཁས་ལེན་པའམ་ཁག་ཐེག་བྱེད་པ་སྟེ།
Example གཞན་ལ་གནོད་མི་བྱེད་རྒྱུའི་དམ་བཅའ་བ། དམིགས་ཡུལ་མ་འགྲུབ་བར་དུ་འབད་བརྩོན་བྱེད་རྒྱུའི་དམ་བཅའ་བ་ལྟ་བུ།
བཅའ་བ་ (3)
Part of speech མིང་ཚིག
Definition སྒྲིག་ཁྲིམས་སོགས་གཏན་ལ་དབབ་པའི་དོན་གྱི་འཆའ་ཡི་མ་འོངས་པའི་བྱ་མིང་སྟེ།
Example ཁྲིམས་གསར་པ་བཅའ་བ། སྒྲིག་ལམ་བཅའ་བ་ལྟ་བུ།