40109

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅའ་བསྒྱུར་གྲོལ་གསུམ་ (1)
Part of speech མིང་ཚིག
Definition བོན། ཅིར་ཡང་སྤྲུལ་བའི་ཕྱག་རྒྱ་དེ་ལ་ཡང་། དང་པོ་བཅའ་བ་དང་། བར་དུ་བསྒྱུར་བ། ཐ་མ་གྲོལ་བ་དང་གསུམ་ཡོད་དེ། དེ་ཉིད་ལས། བྱ་༼བཅའ་༽བ་ཕུང་པོ་བཞི་རུ་བཅའ། བསྒྱུར་བ་བདུན་༼མདུན་༽གྱི་མཁའ་ལ་བསྒྱུར། གྲོལ་བ་ལུས་ཀྱི་གནས་ལྔར་གྲོལ། ཅིར་ཡང་སྤྲུལ་པའི་ཕྱག་རྒྱ་ཡིན། རང་བཞིན་ཆ་ལུགས་ཕྱག་རྒྱ་ཡིན། ཞེས་པས་སོ། །དེའི་དགོས་དོན་ནམ་འབྲས་བུ་ནི། ཐབས་དང་ཤེས་རབ་ཕྱག་རྒྱའི་ལམ། མཐུ་དབང་བྱིན་རླབས་ཕྱག་རྒྱའི་འབྲས། རྫུ་འཕྲུལ་སྣ་ཚོགས་ཕྱག་རྒྱའི་རྩལ། དོན་གཉིས་མཐར་ཕྱིན་ཕྱག་རྒྱའི་མཆོག གཡས་སུ་བསྒྱུར་བ་ཐབས་ཀྱི་ཕྱག གཡོན་དུ་བསྒྱུར་བ་ཤེས་རབ་ཕྱག ཐུགས་ཀར་ཐབས་ཤེས་གཉིས་མེད་པར། ལྷ་ཚོགས་ཡབ་ཡུམ་སྐུ་རུ་སྟོན། ཞེས་སོགས་རྒྱ་ཆེར་གསུངས་སོ། །
Domain ཆོས་ལུགས།