40110
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་ཉེར་ལྔ་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། བཞི་བཅུ་རྩ་ལྔ་ཐུགས་ཉིད་ལ། སུམ་ཅུ་རྩ་བརྒྱད་རྟགས་བསྟན་པ། བཅའ་བསྒྱུར་སྐུ་བསྟོད་ཕྱག་རྒྱ་ཡིན། ཞེས་གསུངས་པས། དེའི་ཚིག་དོན་ནི། བདེ་བར་གཤེགས་པ་ཞི་ལྷ་བཞི་བཅུ་རྩ་ལྔ་རྣམས་དུས་རྟག་ཏུ་ཐུགས་ཉིད་གཡོ་བ་མི་མངའ་བའི་ངང་དུ་མཉམ་པར་བཞུགས་ཀྱང་། ཐུགས་རྗེའི་ཐབས་ཀྱིས་གཞན་དོན་འགག་མེད་དུ་མཛད་པ་ལ། ཕྲིན་ལས་ཀྱི་རྣམ་པ་ཕྱག་རྒྱ་སུམ་ཅུ་རྩ་བརྒྱད་ཀྱི་རྟགས་བསྟན་ཅིང་བཅའ་བསྒྱུར་བཀྲོལ་བ་སོགས་ཀྱང་ལྷུན་འགྲུབ་ཏུ་མཛད་པའི་དོན་ནོ། ། |
| Domain | ཆོས་ལུགས། |