From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁྱིམ་ (1)
| Part of speech
|
མིང་ཚིག
|
| Definition
|
ཕོ་མོ་གཉེན་སྒྲིག་བྱས་ཤིང་གཞིས་ཀ་བཟུང་བའི་ཚོགས་སྡེ།
|
| Example
|
ཁྱིམ་ཚང་གཅིག་གི་མི། །སྐྱིད་སྡུག་གཅིག་པའི་སྡེ། །ལྟ་བུ།
|
ཁྱིམ་ (2)
| Part of speech
|
མིང་ཚིག
|
| Definition
|
ཁང་པ་དང་སྦྲ་གུར་གྱི་ནང་སྟེ།
|
| Example
|
ཁྱིམ་ལ་ལྷམ་གྱོན་མི་རུང་ལྟ་བུ།
|
ཁྱིམ་ (3)
| Part of speech
|
མིང་ཚིག
|
| Definition
|
རྒྱུ་སྐར་ཉི་ཤུ་རྩ་བདུན་གྱིས་ཁྱིམ་བཅུ་གཉིས་སོ་སོར་འཛིན་པའི་བར་ཐག
|
| Example
|
ཉི་ཁྱིམ་ཞེས་པ་ལྟ་བུ།
|
| Domain
|
རྩིས་རིག
|
ཁྱིམ་ (4)
| Part of speech
|
མིང་ཚིག
|
| Definition
|
གྲངས་ཀ་བཅུ་གཉིས་ཀྱི་དོན་ཏེ། ལུག་གི་ཁྱིམ། གླང་གི་ཁྱིམ། འཁྲིག་པའི་ཁྱིམ། ཀརྐ་ཊའི་ཁྱིམ། སེང་གེའི་ཁྱིམ། བུ་མོའི་ཁྱིམ། སྲང་གི་ཁྱིམ། སྡིག་པའི་ཁྱིམ། གཞུའི་ཁྱིམ། ཆུ་སྲིན་གྱི་ཁྱིམ། བུམ་པའི་ཁྱིམ། ཉའི་ཁྱིམ་བཅས་ཁྱིམ་བཅུ་གཉིས་ཡོད་པས་ན་དེ་ལྟར་བཏགས།
|
| Type
|
མངོན་བརྗོད།
|