40135

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅས་པ་ཚུལ་བཞིན་དུ་མ་བསྲུངས་པའི་ཉེས་དམིགས་ (1)
Part of speech མིང་ཚིག
Definition ཆོས་ལུགས། མདོ། འདུལ་བ། བཅས་པ་ཚུལ་བཞིན་དུ་མ་བསྲུངས་བར་ལྟུང་བ་ལ་ཞུགས་པའི་ཉེས་དམིགས་སོ། །མ་བསྲུངས་པའི་ཉེས་དམིགས་ཡོད་དེ། པཎ་ཆེན་འདུལ་བ་ལས། སྟོན་པ་དང་། མཁན་སློབ་ཀྱིས་སྨོད་པ་དང་། བདག་ཉིད་ཀྱིས་སྨོད་པ་དང་། སྤྱིར་ཡང་ཆོས་ཉིད་ཀྱིས་སྨོད་པ་དང་། སྔར་ཐོས་པ་བརྗེད་པ་དང་། སླར་མི་ཐོས་པ་དང་། ཕྱོགས་ཕྱོགས་སུ་མི་སྙན་པ་འབྱུང་བ་དང་། འགྱོད་བཞིན་དུ་འཆི་བར་འགྱུར་བ་དང་། ཤི་ནས་ངན་འགྲོར་སྐྱེ་བ་སོགས་ཀྱི་ཉེས་དམིགས་འབྱུང་བའི་ཕྱིར། ཞེས་གསུངས།