40170

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅུ་གཅིག་ཤེལ་གྱི་དགོན་ (1)
Part of speech མིང་ཚིག
Definition རེབ་གོང་གྲུབ་ཐོབ་གནས་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། བསྟན་པ་སྔ་དར་དུས་སྐྱེས་མཆོག་ཀ་ཐོག་རྡོ་རྗེ་གནས་འདིར་གྲུབ་པ་ཐོབ། རྗེས་སུ་ཆོས་པ་རིན་པོ་ཆེ། ལི་གྱྭ་སྒོམ་རྒན་ཤེས་རབ་སེངྒེ་གཉིས་ཀྱང་འདིར་ཕེབས། གྲུ་གྱ་སྒོམ་ཆེན་དགེ་འདུན་ཤེས་རབ་ཀྱིས་ལྷ་ཁང་བཞེངས། རྗེ་སྐལ་ལྡན་པ་ཡུན་རིང་བཞུགས། དེའི་དངོས་སློབ་རབ་འབྱམས་པ་སྦྱིན་པ་རྒྱ་མཚོས་ལོ་བཅུ་གསུམ་དུ་མཚམས་བསྡམས། བན་བོན་སྔགས་པའི་གྲུབ་ཐོབ་མང་དུ་བྱོན་པར་གྲགས། གནས་འདིར་རྟེན་རང་བྱོན་མང་དུ་མཆིས་པ་རྗེ་སྐལ་ལྡན་པའི་གསུང་དུ། ལྷ་བདེ་མཆོག་རྡོ་རྗེ་ཕག་མོ་དང་། སྲས་ཉེ་བའི་སེམས་དཔའ་མཆེད་བརྒྱད་དང་། དཔལ་ཨུ་རྒྱན་པདྨ་རང་བྱོན་སོགས། སྐུ་རང་གྲུབ་མཆོད་རྟེན་ཚ་ཚ་དང་། གསུང་གཎྜིའི་སྒྲ་འབྱིན་ཤེལ་བུ་དང་། ཐུགས་ཕྱག་མཚན་རྡོ་དྲིལ་པདྨ་དང་། གདུགས་རྒྱལ་མཚན་བ་དན་རོལ་མོ་དང་། ལྷ་གཙུག་ཏོར་ལྗོན་ཤིང་ཕུར་བུ་དང་། དབྱིབས་ཀ་བ་ཀ་བཞུར་སྣང་བ་སོགས། ཡ་མཚན་པའི་རང་བྱོན་རྟེན་མང་བཞུགས་ཞེས་གསུངས།