40174
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་ལྔ་པའི་ལྕགས་ཁྱི་ཕྱི་ལོ ༡༣༡༠ ལོར་ཏའི་སི་ཏུའི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་པར་གདན་ས་ཐེལ་དུ་ཕེབས། དགུང་ལོ་དགུ་པར་མཁན་ཆེན་གཡུང་དྲུང་བསོད་ནམས་དང་། སློབ་དཔོན་དབང་ཕྱུག་བསོད་ནམས་གཉིས་ལས་རབ་ཏུ་བྱུང་། མཚན་ལ་གྲགས་པ་ཤེས་རབ་ཅེས་གསོལ། ཚེས་བཞི་རྙིང་བ་གྲགས་པ་རྒྱལ་མཚན་ལས་ཆོས་ཁྲིད་མ་ལུས་གསན། ཉི་ཤུ་པར་མཁན་ཆེན་སེང་གེ་རྒྱལ་བ་ལས་བསྙེན་པར་རྫོགས། འདུལ་བའི་ཆོས་སྐོར་མང་དུ་གསན། ཆོས་རྗེ་བླ་མ་དམ་པ་དང་། བུ་སྟོན་རིན་ཆེན་གྲུབ། རྒྱལ་སྲས་ཐོགས་སོགས་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་ལེགས་པར་སྦྱངས། སེར་སྐྱ་རྣམས་ལ་སེམས་བསྐྱེད་གསུངས ང་གཅིག་པ་རབ་བྱུང་དྲུག་པའི་ལྕགས་བྱི་ཕྱི་ལོ་ ༡༣༦༠ ལོར་ཕག་གྲུའི་གདན་ས་སྤྱན་སྔའི་གོོ་སར་ཕེབས། གདན་ས་ལོ་བཅུ་གཅིག་རིང་འགན་ཁུར། རེ་གཅིག་པ་ རབ་བྱུང་དྲུག་པའི་ལྕགས་ཁྱི་ཕྱི་ལོ་ ༡༣༧༠ ལོར་སྐུ་གཤེགས། ཕག་གྲུའི་གདན་རབས་དགུ་པ་ཡིན། |