40181
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟོན་པའི་མཛད་པ་བཅུ་གཉིས་ཏེ། དགའ་ལྡན་གནས་ནས་འཕོ་བ་དང་། ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པ་དང་། གཞོན་ནུའི་རོལ་རྩེད་དང་། བཙུན་མོའི་འཁོར་གྱིས་རོལ་བ་དང་། རབ་ཏུ་བྱུང་བ་དང་། དཀའ་བ་སྤྱད་པ་དང་། བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་བཏུལ་བ་དང་། མངོན་པར་རྫོགས་པའི་སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་པ་སྟེ་མཛད་པའི་ཚུལ་བཅུ་གཉིས། |