40187

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅུ་གསུམ་ས་ (1)
Part of speech མིང་ཚིག
Definition སྔགས་བླ་མེད་ལུགས་ཀྱི་ས་བཅུ་གསུམ་སྟེ། མངོན་བརྗོད་བླ་མའི་ལེའུ་སུམ་ཅུ་པ་ལས། རབ་ཏུ་དགའ་བ་དང་དྲི་མ་མེད་ཅེས་སོགས་ས་བཅུའི་སྟེང་དུ་དཔེ་མེད་པ་དང་ཡེ་ཤེས་ལྡན། དེ་ལྟར་ས་ནི་བཅུ་གཉིས་པ་ཞེས་དང་། རྡོ་རྗེ་ས་ནི་བཅུ་གསུམ་པ་ཞེས་གསུངས་པ་ལྟར་རབ་ཏུ་དགའ་བ་སོགས་བྱང་སེམས་ཀྱི་ས་བཅུའི་སྟེང་དུ། ཁྱད་པར་གྱི་ལམ་གྱི་ངོ་བོ་དཔེ་མེད་པའི་ས་དང་། བར་ཆད་མེད་ལམ་གྱི་ངོ་བོ་ཡེ་ཤེས་ལྡན་པའི་ས་དང་། ཀུན་ཏུ་འོད་ཀྱི་ངོ་བོ་རྡོ་རྗེ་བཅས་གསུམ་བསྣན་ཏེ་ས་བཅུ་གསུམ་གྱུར་པའོ། །
Domain ཆོས་ལུགས།