40188

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅུ་གསུམ་སེང་གེ་རྒྱལ་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ས་གླང་ཕྱི་ལོ ༡༢༨༩ ལོར་འཁྲུངས། བཤེས་གཉེན་མང་པོའི་ཞབས་ལ་གཏུགས། མདོ་སྔགས་རིག་གནས་ཀུན་ལ་བསླབས། རབ་ཏུ་བྱུང་། ཆོས་རྗེ་སྤོས་སྐྱ་སེང་གེ་རིན་ཆེན་ལས་འདུལ་བ་མདོ་རྩ་དང་། དབུ་མ་འཇུག་པ། དུས་འཁོར་གྱི་དབང་ཆེན་སོགས་མདོ་སྔགས་ཀྱི་གཞུང་མང་པོ་ཞུས། སྒོམ་སྒྲུབ་ཀྱིས་རྟོགས་པ་མངོན་དུ་གྱུར། ཉེར་ལྔ་པ་རབ་བྱུང་ལྔ་པའི་ཆུ་གླང་ཕྱི་ལོ ༡༣༡༣ ལོར་ར་ལུང་དགོན་པའི་གདན་སར་ཕེབས། དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་། གཙུག་ལག་ཁང་དུ་སྐུ་གསུང་ཐུགས་རྟེན་བཞེངས། གདན་སར་ལོ་ངོ་བཅུ་གསུམ་རིང་བཞུགས། སོ་བདུན་པ་རབ་བྱུང་ལྔ་པའི་ཤིང་གླང་ཕྱི་ལོ ༡༣༢༥ ལོར་སྐུ་གཤེགས། ར་ལུང་དགོན་པའི་གདན་རབས་དྲུག་པ་ཡིན། མཚན་གཞན། འབྲུག་པ་སེང་གེ་རྒྱལ་པོ།