40224
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བཅུད་ཆགས་པ་ནི་ད་ལྟའི་བསྐལ་པ་འདིའི་སྔ་རོལ་གྱི་བསྐལ་པ་མེས་ཞིག་པའི་རྗེས་སུ་ཆགས་པར་མདོ་ལས་བཤད་པས་བསམ་གཏན་དང་པོ་ནས་ཆགས་པ་ཡིན་ཞེས་ཀུན་མཁྱེན་བླ་མ་བཞེད་དོ། །དེ་ཡང་བསམ་གཏན་གཉིས་པའི་འོད་གསལ་གྱི་ལྷ་གཅིག་ཤི་འཕོས་ནས་ཚངས་ཆེན་དུ་སྐྱེས་ཏེ། དེ་ནས་བསམ་གཏན་དང་པོའི་ལྷ་རྣམས་རིམ་པས་བྱུང་། དེ་བཞིན་དུ་འོད་གསལ་ནས་འདོད་ལྷ་དང་། བྱང་དང་། ནུབ་དང་། ཤར་དང་། གླིང་འདིའི་མི་རྣམས་རིམ་གྱིས་བྱུང་བར་བཤད། བསྐལ་པ་དང་པོའི་མི་དེ་རྣམས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་ཅིང་རང་གི་ལུས་ཀྱི་འོད་ཀྱིས་སྣང་བར་བྱེད། ནམ་མཁའ་ལ་འགྲོ་བའི་རྫུ་འཕྲུལ་དང་ལྡན། ཟས་སུ་དགའ་བ་ལ་ལོངས་སྤྱོད་ཅིང་ཁམ་ཟས་ལ་ལོངས་མི་སྤྱོད་པས་འོག་གི་ལམ་གཉིས་ཀྱང་མ་དོད་ཅིང་། སེམས་ཅན་ཞེས་པ་ལས་ཕོ་མོའི་ཐ་སྙད་མེད་དེ། དེ་ནས་རིམ་གྱིས་རོ་ལ་ཆགས་པ་སོགས་ཀྱི་ཉེས་དམིགས་ཀྱིས་ཕོ་མོའི་དབང་པོ་སོགས་དོད་དེ་མི་ཚངས་པར་སྤྱོད་པ་བྱུང་། དེ་ནས་མཐར་ཞིང་བཏབ་ཅིང་དཔོན་བསྐོས། རྐུན་མ་བྱུང་བ་ལས་སྲོག་གཅོད་པ་སོགས་མི་དགེ་བའི་ལས་ལ་བརྟེན་ནས་ཡི་དྭགས་དང་དུད་འགྲོ་དང་། དམྱལ་པ་རྣམས་བྱུང་སྟེ། མཐར་མནར་མེད་པར་སེམས་ཅན་གཅིག་གསར་དུ་སྐྱེས་པ་དང་ཆགས་བསྐལ་རྫོགས་ཏེ་བཅུད་ཆགས་པ་ལ་བར་བསྐལ་བཅུ་དགུའི་ཡུན་ཚད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |