40234

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅུད་མི་ལྡན་ (1)
Part of speech མིང་ཚིག
Definition ལྷ་མིན་ཏེ། ལྷ་དང་ལྷ་མ་ཡིན་ཐོག་མར་རིགས་གཅིག་ཡིན་མོད། ཁོང་ཚོས་རྒྱ་མཚོ་བསྲུབས་པ་ལས། བུད་མེད་ཤིན་ཏུ་མཛེས་པ་ཞིག་བྱུང་བ་ལ། ཁྱོད་སུ་ཡིན་དྲིས་པས། ང་ནི་བདུད་རྩི་ཆང་ཞེས་བྱ་སྟེ། ང་འཐུང་ན་མྱོས་པ་དང་། བརྒྱལ་བ་དང་། དྲེགས་པ་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེས་སྨྲས་པ་དང་། ཁ་ཅིག་གིས་འཐུང་བས་སུ་ར་སྟེ་བཅུད་ལྡན་ཞེས་གྲགས་ཤིང་། ཁ་ཅིག་སྐྲག་ནས་འཐུང་མ་ཐུབ་པས་ཨ་སུ་ར་སྟེ་བཅུད་མི་ལྡན་ཞེས་གྲགས་སོ། །
Type མངོན་བརྗོད།