40243

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅུད་ལེན་ཁྱད་འཕགས་ཟབ་མོ་ (1)
Part of speech མིང་ཚིག
Definition ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས། བཅུད་ལེན་ཁྱད་འཕགས་ཟབ་མོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། འདི་ལྟར་ཟབ་མོའི་བཅུད་ལེན་རྣམས༔ བདག་འདྲ་བུད་མེད་མཚོ་རྒྱལ་གྱིས༔ མོན་ཁ་སེངྒེ་རྫོང་གསུམ་དུ༔ གུ་རུ་ཉིད་ལ་ཞུས་ནས་ཀྱང༔ གསང་འདུས་ཆོས་ཀྱི་ཆ་རྐྱེན་དུ༔ ཟིན་བྲིས་ཡི་གེར་བཀོད་ནས་ཀྱང༔ གནམ་སྐས་བྲག་ལ་སྦས་ཏེ་བཞག༔ ཕྱི་མར་གྱུར་པའི་དུས་ཀྱི་ཚེ༔ ལས་ཅན་ཆོས་བྱེད་དཔག་མེད་ལ༔ ཕན་ཐོགས་འགྲོ་དོན་དཔག་མེད་ཤོག༔ ཅེས་གསལ། གཏེར་ཆེན་རཏྣ་གླིང་པས་ལྷོ་བྲག་གནམ་སྐས་ཅན་ནས་གདན་དྲངས། འདིའི་ནང་དོན་ལ། མ་འོངས་པར་ཆོས་བྱེད་རྣམས་འཚོ་བ་བསྒྲུབ་པས་གཡེང་བ་འབྱུང་བས། དེའི་དུས་སུ་དགེ་སྦྱོར་འཕེལ་ཞིང་བར་ཆད་མེད་པར་བྱ་བའི་ཆ་རྐྱེན་དུ་བཅུད་ལེན་ཟབ་མོ་བསྒྲུབ་པའི་ཐབས་བསྟན།