40253

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅུད་ལྡན་ (1)
Part of speech མིང་ཚིག
Definition ཟས་ལ་རོ་ནུས་དང་ལྡན་པའམ་ཕན་ནུས་ཡོད་པའི་དོན།
Example གཟུགས་པོ་གསོ་ཆེད་བཅུད་ལྡན་གྱི་ཟས་མང་ཙམ་བསྟེན་དགོས་ལྟ་བུ།
བཅུད་ལྡན་ (2)
Part of speech མིང་ཚིག
Definition ས་གཞི་སྟེ། ས་གཞིའི་ཐོག་ཏུ་འགྲོ་བའམ་བཅུད་ཀྱི་སེམས་ཅན་གནས་པས་དེ་ལྟར་བཏགས།
Type མངོན་བརྗོད།
བཅུད་ལྡན་ (3)
Part of speech མིང་ཚིག
Definition ལྷ་སྟེ། སྔོན་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་རྒྱ་མཚོ་བསྲུབས་པ་ལས། ལྷ་མོ་དཔལ་མོ་བྱུང་བ་ཁྱབ་འཇུག་གིས་ཁྱེར། ཟླ་བ་ཕྱེད་པ་བྱུང་བ་དབང་ཕྱུག་གིས་སྤྱི་བོའི་རྒྱན་དུ་བྱས། དུག་བུམ་པ་གང་བྱུང་བ་དབང་ཕྱུག་གིས་མགྲིན་པར་བཞག་པས་མགྲིན་པ་སྔོན་པོར་སོང་། ཆང་བུམ་པ་གང་བྱུང་བ་ལྷ་རྣམས་ཀྱིས་ཁྱེར། ཆང་ལྷ་ལ་དབང་བའི་ཆ་ནས། ལྷ་ལ་བཅུད་ལྡན་ཞེས་མིང་ཐོགས་ཞེས་གསུངས།
བཅུད་ལྡན་ (4)
Part of speech མིང་ཚིག
Definition ཀཱ་ཤམྦི་ལ་སྟེ། འབྲས་བུ་བཅུད་དང་ལྡན་པས་སོ། །