40286

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅོམ་ལྡན་འདས་ (1)
Part of speech མིང་ཚིག
Definition མདོ། བདུད་བཞི་བཅོམ་ཞིང༌། ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ། སྲིད་ཞི་གཉིས་ཀྱི་མཐའ་ལས་འདས་པ་སྟེ་སངས་རྒྱས་ཀྱི་མཚན།
Domain ཆོས་ལུགས།
བཅོམ་ལྡན་འདས་ (2)
Part of speech མིང་ཚིག
Definition བཅོམ་ལྡན་འདས་ཀྱི་བཤད་པ་ལ། བྷ་ག་ཝཱན་ཞེས་པའི་བྷ་ག་ནི་བཅོམ་པ་དང། སྐལ་བ་དང་ལེགས་པ་སོགས་ལ་འཇུག་ལ། ཝཱན་ཅེས་པ་ལྡན་པའི་དོན་ཡིན་པས་སྔ་མ་གསུམ་ཆར་ལ་སྦྱར་བར་བྱ་བ་ཡིན་པའི་ཕྱིར་དང། འདས་པ་ལ་སྐད་དོད་མེད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། བྷ་ག་ཝཱན་ཞེས་པའི་བྷ་ག་ནི་བཅོམ་པ་དང། སྐལ་བ་གཉིས་ཀ་ལ་འཇུག་ཅིང། ཝཱན་ཞེས་པ་ལྡན་པའི་དོན་ཡིན་པས། ལྡན་པ་དེ་སྔ་མ་གཉིས་ལ་སོ་སོར་སྦྱར་བར་བྱ་བ་ཡིན་པའི་ཕྱིར་དང། འདས་པ་ལ་སྐད་དོད་མེད་པའི་ཕྱིར། ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
བཅོམ་ལྡན་འདས་ (3)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། བཅོམ་ལྡན་འདས་ལ་རྣམ་གྲངས་ལྔའམ་བཅུ་ཐམ་པར་གསུངས་ཏེ། ཉི་ཟླ་འབར་བའི་སྒྲོན་མ་ལས། བཅོམ་ལྡན་འདས་ལ་འབྲུ་ལྔས་ཐེག་པ་བཅུ་ཐམ་པར་བཤད་དེ། དེ་ལ་མཚན་ཉིད་སྡེ་གསུམ་གྱི་བཅོམ་ ལྡན་འདས་དང་། ཀྲི་ཡོག་སྡེ་གསུམ་གྱི་བཅོམ་ལྡན་འདས་དང་། བསྐྱེད་རྫོགས་རྣམ་གཉིས་ཀྱི་བཅོམ་ལྡན་འདས་དང་། རྫོགས་པ་ཆེན་པོའི་བཅོམ་ལྡན་འདས་དང་། སྤྱི་ཏི་ཡོ་གའི་བཅོམ་ལྡན་འདས་དང་ལྔའམ་བཅུ་ཐམ་པར་བཤད་པར་བྱའོ། །ཞེས་གསུངས།